D2198MW23703_2198rgyud 'grelAll versions of this work

rdo rje khyung gi sgrub thabs

Rdorjekhyuṅgisgrubthabs

Text

ff. 79b–80a · 2 folio sides

  1. 79b

    ཡང་དག་པར་བྱུང་བའི་རྡོ་རྗེ་གཏུམ་པོ་སྐུ་མདོག་ནག་པོ། ཞལ་གཅིག་པ། ཕྱག་གཉིས་པ། ཕྱག་གཡས་པས་གནམ་ལྕགས་ཀྱི་རྡོ་རྗེ་ཞུན་མ་བསྣམས་པ། གཡོན་པས་ཐུགས་ཀར་སྡིགས་མཛུབ་མཛད་པ། ཞབས་གཡོན་བརྐྱང་བ། གཡས་བསྐུམ་པ། སྤྱན་གསུམ་ མེའི་མདོག་འདྲ་བ། སྦྲུལ་གྱིས་བརྒྱན་པ། སྐྲ་ཁམ་པ་གྱེན་དུ་འབར་བ། བསྐལ་པའི་མེའི་ནང་ན་བཞུགས་པ། སྐུ་ལས་ཁྲོ་ཆུང་དང་ཁྱུང་མང་པོ་འཕྲོ་བ་ཅིག་གསལ་བར་བསྐྱེད་ལ། སྙིང་གར་ཧཱུཾ་ལ་སྔགས་འདིས་བསྐོར་ལ་བཟླས་སོ། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། སྐྱོ་ན་ སྔགས་ཧཱུཾ་ལ་བསྡུའོ། །དེ་ནས་གདོན་གཞོམ་པར་འདོད་ན། རྡོ་རྗེ་དེ་ཁྱུང་ནག་པོ་ཕྱག་གཉིས་ཀྱིས་སྦྲུལ་མགོ་ནས་ཟ་བ། གཤོག་པ་གདེངས་པ་མཆུ་སྡེར་རྡོ་རྗེ་འབར་བར་བསམ། གཡོན་པའི་སྡིགས་མཛུབ་ཐུར་དུ་བསྡམས་པ་ལས་མེ་འབར་བར་བསམས་ལ། སྔགས་ འདི་བཟླས་པར་བྱའོ། །ཧཱུཾ་ཕཊ་ཥ་ཎ་རོ་མ་ཧཱ་ཙཎྜ་བཛྲ་ག་རུ་ཎ་དེ་བ་ཐེན་ཕྱུང་། ས་ག་ནཱ་ག་སྙིང་ལ་གཟིར། ཐུམ་རིལ་རྦད་དྲག་པོ་གསུམ་དང་ལྡན་པར་བཟླས་སོ། །དེ་ནས་གདོན་གསད་པར་འདོད་ན། རང་གི་རྨི་ལམ་དུ་ཅི་བྱུང་བ་ཐམས་ཅད་བསྲེག་ཅིང་སྔགས་འདི་བཟླས་སོ། ། ཨོཾ་ནཱ་ག་ཙཎྜ་ཚལ་པ་ཨུརྟ་ཀེ །ནཱ་ག་ཙིཏྟ་ཤཀྟི་ཚལ་པ་ནཾ། ནཱ་ག་ཏྲི་ས་ཡ་ཏི། བིགྷྣཾ་ཏ། ནཱ་ག་ཀྲོ་དྷ་བི་ད་རཱ་ཛ་ཡ། ཤི་ཤི། ནན་ནན། དུལ་དུལ་རྦུད་རྦུད་ཐུམ་རིལ་ཛཿཛཿ། ལན་གསུམ་གྱིས་ཐུབ་པར་འགྱུར་རོ། །ཐ་མ་མནན་པར་བྱའོ། །གཏུམ་ཆུང་ཁྲ་ཐོགས་མའི་སྒྲུབ་ཐབས་ རྒྱལ་པོ་ཟླ་བའི་སྙིང་པོས་མཛད་པ་རྫོགས་སོ།། །།ལོ་ཙཱ་བ་སྒེག་པའི་དཔལ་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ག་རུ་ཌ་སཱ་དྷ་ན། བོད་སྐད་དུ། རྡོ་རྗེ་ཁྱུང་གི་སྒྲུབ་ཐབས། རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་ སྐྱབས་སུ་འགྲོ་བ་བྱས་ལ། རང་ཉིད་རྡོ་རྗེ་ཁྱུང་ཁ་དོག་ནག་པོ་ལག་པ་གཉིས་ཀྱིས་སྦྲུལ་ཟ་བ། གཤོག་པ་དང་སྒྲོ་ལ་སོགས་པ་གནམ་ལྕགས་ཀྱི་རལ་གྲི་མེ་འབར་བ། མིག་ཁྲོ་ཆུ་ཁོལ་བ་ལྟ་བུ། སྐུ་ཆེ་བ་ཅིག་ཏུ་བསམས་ཏེ། ཨོཾ་བཛྲ་ག་རུ་ཌ་ཙཎྜ་མ་ཧཱ་ནཱ་ག་མཱ་ར་ཡ་སོད་སོད།

  2. 80a

    ནཱ་ག་མཱ་ར་ཡ་ཐུམ་རིལ་རྦད་རྦད་ཧཱུཾ་ཕཊ། རྟག་ཏུ་བཟླས་ལ་མ་ཡེངས་པས་བསྒྲུབ་པར་བྱའོ། །འདི་ནི་ལས་ཐམས་ཅད་པའི་སྔགས་ཏེ། གང་ལ་ཡང་བུམ་པར་ཆུ་བླུགས་ལ་ཁྱུང་བསྐྱེད་ལ་བཟླས་པ་བརྒྱ་རྩ་བརྒྱད་བཟླས་ཏེ། དེ་ནས་ཡུངས་ཀར་བླུགས་ལ་ཁྲུས་ བྱའོ། །ནད་གང་ན་བར་ཡང་བྱུག་པར་བྱའོ། །བྱའི་ཤ་མི་བཟའ། སྒོ་ང་མི་བཟའ། བྱ་ལ་མི་བརྡེག །རྟག་ཏུ་ལྷར་བསྒོམ་པར་བྱའོ། །རྡོ་རྗེ་ཁྱུང་གི་སྒྲུབ་པའི་མན་ངག །སློབ་དཔོན་རྡོ་རྗེ་པདྨས་མཛད་པ་རྫོགས་སོ།། །།པཎྜི་ཏ་སའི་སྙིང་པོ་དང་། ལོ་ཙཱ་བ་རྨ་བན་གྱིས་ བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཙཎྜ་མཎྜལ་བི་དྷི་བཱ་ས་ཛ་ཀ་བྷ་དྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་གཏུམ་པོའི་དཀྱིལ་འཁོར་གྱི་ཆོ་ག་བཟང་པོ་མདོར་བསྡུས་པ་ཞེས་བྱ་བ། གསང་བའི་བདག་པོ་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ། །གསང་བ་ བསྟན་པའི་རྒྱུད་དང་ནི། །བླ་མའི་གདམས་པའི་ལམ་ཞུགས་ནས། །ཆོ་ག་བཟང་པོ་མདོར་བསྡུས་འདི། །རང་དགའ་ཉེས་པ་དོར་ཏེ་བྲི། །སློབ་དཔོན་མཚན་ཉིད་ཀུན་ལྡན་ཞིང་། །རྒྱུད་ཀྱི་དབང་ཐོབ་དམ་ཚིག་བརྟན། །གཞན་ཕན་བསྒྲུབ་ལ་དགའ་བ་ལ། །གཞན་དག་གུས་ པས་གསོལ་འདེབས་སམ། །ཡང་ན་རང་བཞིན་བསྒྲུབ་དོན་དུ། །ནུས་པ་དྲིས་ལ་ཚིག་གིས་སྦྱིན། །དུར་ཁྲོད་ལ་སོགས་དབེན་པའི་གནས། །བསྐྱེད་པའི་རིམ་པ་གསལ་བྱས་ལ། །གཙོ་བོ་འབུམ་ལ་འཁོར་རྣམས་ཁྲི། །རབ་འབྲིང་མཚན་མ་ཐོབ་པར་བྱ། །དེ་ནས་བླ་གོས་ ལེགས་བགོས་ནས། །སྙིམ་པ་མེ་ཏོག་གིས་བཀང་སྟེ། །གུས་པས་གསོལ་བ་གདབ་པར་བྱ། །དེ་ནས་དཀྱིལ་འཁོར་བྱ་བའི་ཕྱིར། །དུར་ཁྲོད་དབེན་པ་རྡོ་ལེབ་དང་། །སྔོན་བྱས་ཡིད་འོང་ལ་སོགས་སུ། །ལྟོ་འཕྱེའི་སྦྱོར་བས་བརྐོ་བར་བྱ། །བརྟག་ཅིང་སྦྱང་དང་བསྲུང་བར་བྱ། ། ཉེས་པ་མེད་པའི་ས་གཞི་དེར། །རྡོ་རྗེ་འཛིན་པར་གསལ་བ་དང་། །བཾ་ལས་སྐྱེས་པའི་ལྷ་མོ་སེར། །མཛེས་པ་རྒྱན་ལྡན་ལུས་ཕྱེད་སྣང་། །བུམ་པ་འཛིན་ལ་མཆོད་བསྟོད་དེ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་རྣམ་ཐར་ནི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་

Colophon

rdo rje khyung gi sgrub pa'i man ngag /slob dpon rdo rje pad+mas mdzad pa rdzogs so// //paN+Di ta sa'i snying po dang/ lo tsA ba rma ban gyis bsgyur ba'o//