'phags pa khros pa zhi bar byed pa'i gzungs
Text
ff. 114b–115a · 2 folio sides
- 114b
སྭཱ་ཧཱ། ཆོ་ག་ནི་ལག་པ་ལ་བཟླས་བརྗོད་བྱས་ནས་ལྟོ་མཉེས་ནམ་ཞུ་བའི་ནད་འབྱང་བར་འགྱུར་རོ། །མ་ཞུ་བའི་ནད་འབྱང་བའི་གཟུངས་རྫོགས་སོ།། ༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་གཟིགས་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། དཱི་རི་ཏིཥྚ། ཏ་སྐར་བད་དྷོ་སི། མ་ཙ་ལ་མ་ཙ་ལ་སྭཱ་ཧཱ། ལན་བདུན་བརྗོད་དེ། འཕགས་པ་འཇམ་ དཔལ་ལ་གསོལ་བ་བཏབ་ན་མི་ཐམས་ཅད་བྱམས་པར་འགྱུར་རོ། །འཕགས་པ་སྡང་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་གཟུངས་རྫོགས་སོ།། ༄༅། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །ཨོཾ་ཀུ་མཱ་རུ་རཱུ་པ་དྷཱ་ར་ཎི་བི་ཤྭ་སཾ་བྷ་བ་ཨཱ་ག་ཙྪ་ཨཱ་གཙྪ། ལ་གྷུ་ལ་གྷུ། བྷྲཱུྃ་བྷྲཱུྃ། ཧཱུྃ་ཧཱུྃ། ཛི་ན་ཛིཀ་མཉྫུ་ཤྲི་ཡེ། ཏཱ་ར་ཡ་མཱྃ། སརྦ་དུཿཁེ་བྷྱཿ། ཕཊ་ཕཊ། ས་མ་ཡ་ས་མ་ཡ། ཨམྲྀ་ཏོ་ཏྦྷ་བོཏྦྷ་བ། པཱ་བཾ་མེ་ནཱ་ཤ་ཡ་སྭཱ་ཧཱ། སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། ༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ ལོ། །ཨོཾ་བ་ཀ་བ་ཙེ། ཛམྦྷ་ནི། སྟམྦྷཾ་ནི། མོ་ཧ་ནི། སརྦ་རོ་ཥ་པྲ་ཤ་མ་ནི་སྭཱ་ཧཱ། ཤར་ཕྱོགས་སུ་བལྟས་ཏེ་འདུག་ལ། སྔགས་འདི་བརྗོད་ཅིང་རང་གི་ལག་པས་ལན་བདུན་གདོང་ལ་བྱུགས་ནས་ཚོགས་ཀྱི་ནང་དུ་སོང་ན་ཁྲོས་པ་དགའ་བར་འགྱུར་ རོ། །ཁྲོ་བ་ཞི་བར་བྱེད་པའི་གཟུངས་རྫོགས་སོ།། ༄༅། འཕགས་པ་ཁྲོས་པ་ཞི་བར་བྱེད་པའི་གཟུངས། དཔལ་ཆེན་མོ་ལ་ཕྱག་འཚལ་ལོ། །ཀ་ཊེ་བི་ཀ་ཊེ། རོ་ཥ་པྲ་ཤ་མ་ནི་སྭཱ་ཧཱ། གང་
- 115a
ཁྲོས་པའི་མདུན་དུ་བརྗོད་ན། དེའི་ཁྲོས་པ་ཞི་ནས་ངེས་པར་འོང་ངོ་། །ཁྲོས་པ་ཞི་བའི་གཟུངས་རྫོགས་སོ།། ༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་བྷ་ག་བ་ཏེ། ཨུཥྞཱི་ཥཱ་ཡ་དྷ་རེ། །རནྟེ་ སྭཱ་ཧཱ། མ་བསྒྲུབས་ཀྱང་ལས་ཐམས་ཅད་འགྲུབ་པར་འགྱུར་ཏེ། གིའུ་ཝང་ལ་ལན་བརྒྱ་རྩ་བརྒྱད་བཟླས་ནས་དཔྲལ་བར་ཐིག་ལེ་བྱས་ན་གང་བལྟས་པ་དེ་དགའ་བར་འགྱུར་རོ། །མིག་རྩི་ལ་ལན་བརྒྱ་རྩ་བརྒྱད་སྔགས་ཏེ་མིག་ལ་བསྐུས་ན་གང་དང་ཕྲད་ པར་བྱ་བ་དེ་དགའ་བར་འགྱུར་རོ། །ཆུ་ཁྱོར་གང་ལ་ལན་བདུན་བཟླས་ཏེ་འཐུངས་ནམ་བསླངས་པར་ཟས་རྙེད་པར་འགྱུར་རོ། །ཚོགས་པའི་ནང་དུ་འགྲོ་ན་བདག་གི་གོས་ཀྱི་མཐའ་མ་ནས་ལག་པ་གཡོན་པས་བཟུང་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ ནས་ཚོགས་པའི་ནང་དུ་སོང་ན་ཚིག་བཙན་པར་འགྱུར་རོ། །ཚིག་བཙན་པའི་གཟུངས་རྫོགས་སོ།། ༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་ཨ་ལེ་ཀཱ་ལི་ཨ་ལེ་ཀཱ་ལི་མུ་ཙྩི་ཏེ་ སྭཱ་ཧཱ། ཁ་ཉི་མ་ལ་བལྟས་ཏེ། ཆུ་ལ་སྔགས་འདི་ལན་བདུན་བཏབ་སྟེ། ཕྱོགས་བཅུར་གཏོར་ན་བདག་བསྲུང་བར་འགྱུར་རོ། །བདག་བསྲུང་བའི་གཟུངས་རྫོགས་སོ།། ༄༅། །འཕགས་པ་ ཡིད་དུ་འོང་བ་ཞེས་བྱ་བ། སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །ན་མོ་བྷ་ག་པ་ཏེ། །ཨུཥྞཱི་ཥཱ་ཡ། དྷཱ་རེ་དྷ་ར་ཎ་ཏི་ཡེ་སྭཱ་ཧཱ། མ་བསྒྲུབས་ཀྱང་བཀླགས་པས་འགྲུབ་སྟེ། གིའུ་ཝང་ལ་བརྒྱ་རྩ་བརྒྱད་བཟླས་ཏེ་དཔྲལ་བར་ཐིག་ལེ་བྱས་ ན་ཀུན་གྱི་ཡིད་དུ་འོང་བར་འགྱུར་རོ། །ཏི་ཚལ་སྔགས་ཏེ་མིག་ལ་བསྐུས་ན། གང་བལྟས་པ་མིག་སྤྲད་མཐུན་ནོ། །ཆུ་ལ་སྔགས་ཏེ་འཐུངས་ན་གཞན་རྣམས་ཟས་སྟེར་སྙིང་འདོད་དོ། །ཡིད་དུ་འོང་བའི་གཟུངས་རྫོགས་སོ།། །།
Colophon
khros pa zhi ba'i gzungs rdzogs so/