dpal phyag na rdo rje'i sbyin sreg mdor bsdus pa
Text
ff. 77b–78b · 3 folio sides
- 77b
ཤཱནྟིཾ་སྟཾ་བྷ་ནཾ་ཀུ་རུ་ནཾ་ཧཱུཾ་ཕཊ་སཱཙྪ་དེ་མཆོད་རྟེན་ནག་པོ་འོད་འབར་བ་མཐོང་བ་ཙམ་གྱིས་སྐྲག་པར་བྱེད་པ། བུམ་པའི་ནང་དུ་ཕྱག་ན་རྡོ་རྗེ་འཁོར་དང་བཅས་པ་ཐམས་ཅད་མཚོན་ཆ་ཐོགས་པ་བཞུགས་པར་བསམ་མོ། །དེ་ནས་སྙིང་གའི་འོད་ཟེར་གྱིས་གཞན་གྱི་སྲུང་མའི་རིགས་ རྣམས་བཀུག་ནས་མཐུ་མེད་པར་བསམ་ཞིང་། གཏུམ་པོའི་ཞབས་འོག་ནས་མི་འཆོར་བར་བསམ། དེ་ནས་མཆོད་པ་དང་བདེན་པའི་བྱིན་རླབས་བརྗོད་པ་ལ་སོགས་པ་བྱའོ། །དེ་ལྟ་བུ་འབུམ་བཏབ་ན། དྲང་སྲོང་དམོད་པ་ཡང་བཟློག་པར་འགྱུར་རོ། །རིག་སྔགས་བཅད་ པ་དང་མནན་པའི་ཆོ་གའོ།། ༄༅། །དཔལ་ཕྱག་ན་རྡོ་རྗེའི་སྦྱིན་སྲེག་མདོར་བསྡུས་པ། བཀྲ་ཤིས་པའི་གནས་སུ་མེ་ཐབ་ཟླུམ་པོ་དཀར་པོ་བྱས་ལ། ཙནྡན་ནམ་འོ་མ་ཅན་གྱི་ཤིང་དཀར་པོ་ལ་ཟླུམ་པོར་བརྩིགས་ཏེ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། དང་ ལ་བདུན་རྣམ་དག་བྱ། དེ་ནས་མེ་ཏོག་དཀར་པོས་དུས་གསུམ་དུ་མཆོད་ཅིང་། འབྲས་ཆན་དང་མར་གྱི་སྦྱིན་སྲེག་བྱ། བརྒྱ་རྩ་བརྒྱད་བྱས་ནས་གང་ལ་དམིགས་པ་དེ་ཞི་བར་འགྱུར་རོ། །ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དཔལ་འཕེལ་བའི་གནས་སུ་མེ་ཐབ་གྲུ་བཞི་སེར་པོ་བྱས་ལ། ཤིང་ སེར་པོ་གྲུ་བཞི་བརྩིགས་ཏེ། མེ་ཏོག་སེར་པོས་དུས་གསུམ་དུ་མཆོད་ཅིང་། རིན་པོ་ཆེ་ལྔ་དང་འབྲུ་སྣ་ལྔའི་སྦྱིན་སྲེག་བྱས་ན། གང་ལ་དམིགས་པ་དེ་རྒྱས་པར་འགྱུར་རོ། །པུཥྚིཾ་ཀུ་རུ་སྭཱ་ཧཱ། རྒྱས་པ་ལྟ་བུའི་གནས་སུ་ནི། །མེ་ཐབ་ཟླ་གམ་དམར་པོ་བརྩིགས། །སེང་ལྡེང་ དམར་པོའི་ཟླ་གམ་བརྩིགས་ལ། མེ་ཏོག་དམར་པོས་དུས་གསུམ་དུ་མཆོད་ཅིང་། མེ་ཏོག་དང་སྨན་གྱི་སྦྱིན་སྲེག་བྱས་ན། གང་ལ་དམིགས་པ་དེ་ཉིད་དབང་དུ་འགྱུར་རོ། །ཛཿཛཿཧོ། དུར་ཁྲོད་ལ་སོགས་པའི་གནས་སུ་མེ་ཐབ་གྲུ་གསུམ་མཐིང་ནག་བརྩིགས། ཤིང་ནག་པོ་ཚེར་ མ་ཅན་གྲུ་གསུམ་བརྩིགས་ལ། མེ་ཏོག་སྔོན་པོས་དུས་གསུམ་དུ་མཆོད་ཅིང་། དུག་སྣ་ཤ་ཆེན་ཚིལ་ཆེན་ཡུངས་ཀར་སྐེ་ཚེ། བགེགས་ཀྱི་ལིངྒ་ལ་བརྒྱ་རྩ་བརྒྱད་དུ་བསྲེགས་ན། གཟས་པ་པོ་ཚངས་པའི་ཚེ་དང་ལྡན་པ་ཡང་འཆི་བར་འགྱུར་རོ། །མཱ་ར་ཡ་ཧཱུཾ་ཕཊ། གོ་རིམས་དང་པོ་མཎྜལ་
- 78a
བྱ། དེ་ནས་ལྷ་མཆོད། དེ་ནས་སྤྱན་དྲངས། དེ་ནས་བདུན་རྣམ་དག་བྱ། དེ་ནས་མེ་ལྷའི་སྦྱིན་སྲེག་བྱ། དེ་ནས་ཐབ་ཁུང་མི་དམིགས་པར་བྱ། དེ་ནས་མེ་ལྷ་རང་གནས་སུ་གསོལ། སློབ་དཔོན་ལས་ཀྱི་རྡོ་རྗེས་མཛད་པ་རྫོགས་སོ།། །།ཧཱུཾ་བདེ་གཤེགས་ གཙོ་བོ་གཏུམ་པོ་དང་། །ལྷ་རྣམས་ཕྱོགས་སུ་འཁོར་བ་རྣམས། །བདག་དང་སེམས་ཅན་རྒྱུད་སྦྱང་ཕྱིར། །སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་བཱན། མ་ཧཱ་ཀཱ་རུ་ཎི་ཀ་ཧོ། ས་མ་ཡ་སྟྭཾ་ས་མ་ཡ་ཛཿབཛྲ་ཨཾ་ཀུ་ཤ་ཛཿཞེས་པས་སྤྱན་དྲངས་ལ། ཡི་ གེ་བརྒྱ་པས་སྤྱི་ཁྲུས་དབུལ། ཨོཾ་ས་མ་ཡ་སྟྭཾ། ས་མ་ཡོ་ཧཾ་ཞེས་པས་ཞལ་བསིལ་དབུལ། ཨོཾ་པྲ་པཱ་ར་སཏྐཱ་ར་ཨཱ་དཱི་ཙིད་སྭཱ་ཧཱ། ཞེས་ཞབས་བསིལ་དབུལ། ཨོཾ་ཀ་མ་ལཱ་ཡ་སྭཱ་ཧཱ། ཞེས་པས་མེ་ཏོག་ཕུལ་ལ་གདན་དབུལ། གང་གིས་འཁོར་བའི་ཉེས་པ་ནི། །དྲན་པ་ ཙམ་གྱིས་འཇོམས་མཛད་ཅིང་། །བླ་མེད་བྱང་ཆུབ་ཐོབ་མཛད་པ། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །བཅོམ་ལྡན་རྡོ་རྗེ་གཏུམ་པོ་ནི། །ཡོན་ཏན་ཐམས་ཅད་སྐུ་ལ་རྫོགས། །སྐྱོན་མེད་སྐུ་ལ་ཕྱག་འཚལ་ལོ། །ཆོས་ཉིད་སྟོང་ པའི་ངང་ལས་མ་གཡོས་ཀྱང་། །ཐབས་ལ་མཁས་ཕྱིར་སྣ་ཚོགས་སྐུར་སྟོན་པ། །རྒྱལ་སྲས་ཁྱུང་གི་ཚོགས་ལ་ཕྱག་འཚལ་ལོ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཐམས་ཅད་ལ། །ཡིད་ཀྱིས་ཅི་ནུས་དམིགས་པའི་མཆོད་འབུལ་ན། །ཀུན་དུ་བཟང་པོའི་མཆོད་སྤྲིན་ ཆེན་པོ་ལྟར། །སྐུ་གསུང་ཐུགས་ལ་མཉེས་པའི་མཆོག་གྱུར་ཅིག །བདག་གིས་ཐོག་མ་མེད་པའི་དུས་མཐའ་ནས། །སྡིག་པ་མ་ལུས་བགྱིས་པ་རྣམས། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡི། །སྤྱན་སྔར་སོ་སོར་སྡིག་བཤགས་སོ། །ཤེས་རབ་སྙིང་རྗེར་ལྡན་པའི་བྱང་ཆུབ་ སེམས། །དུས་གསུམ་རྒྱལ་བས་ཇི་ལྟར་བསྐྱེད་པ་བཞིན། །དེ་ཡི་རྗེས་སུ་བདག་གིས་བསྐྱེད་པར་བགྱི། །བྱང་ཆུབ་སེམས་དེ་ནམ་ཡང་མི་གཏོང་ངོ་། །བླ་མ་རྡོ་རྗེ་འཆང་དང་ནི། །གསང་སྔགས་ཀུན་བདག་རྡོ་རྗེ་འཆང་། །རིགས་འཛིན་པ་ཡི་རྣལ་འབྱོར་རྣམས། །དགེ་
- 78b
བ་མཛད་ལ་རྗེས་ཡི་རང་། །བཅོམ་ལྡན་རྡོ་རྗེ་གཏུམ་པོ་དང་། །འཁོར་དང་བཅས་ལ་ལུས་འབུལ་ན། །བཞེས་ནས་བདག་ལ་རྗེས་མཐུན་པར། །དངོས་གྲུབ་རྣམས་ནི་སྩལ་དུ་གསོལ། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ད་ལྟ་དགེ་བ་གང་སྤྱད་པ། །བདག་དང་ སེམས་ཅན་དོན་སླད་དུ། །བྱང་ཆུབ་ཏུ་ནི་བསྔོ་བར་བགྱི། །ཕྱག་རྡོར་བདུན་རྣམ་དག་གོ། །གསེར་མེས་མ་ཚིག་པ། གཡུ་མིག་མ་ཕུག་པ། མུ་ཏིག །རིན་པོ་ཆེ་མདུང་ལེན། གུར་གུམ་གྱིས་བྲིས་པའི་རྟེན་འབྲེལ་གྱི་སྙིང་པོ། རྨ་བྱའི་མདོངས། བྱ་ཁྱུང་གི་སྙིང་པོ་ཁྲོ་གསེར་གྱིས་ བྲིས་པ། གླ་རྩི། ག་པུར། མུ་ཟི། བཙན་དུག །གུ་གུལ། ཙནྡན་གོ་ཤིཪྵ། སྨན་གི་ཝང་། བྱ་རྒོད་ཀྱི་ཚིལ་བུ། སྤྲེའུའི་པགས་པ་ལ་གཏུམ།། ཨྠི ༄།།ཀླུ་གཏོར་རྒྱས་པ་ནི། རིན་པོ་ཆེའི་སྣོད་མཛེས་པའི་ནང་དུ་འབྲུ་སྣ་ཚོགས་དང་། ཀླུ་སྨན་སྣ་ཚོགས་དང་། ཟན་ལ་སོགས་ པའི་ཕུང་པོ་སྩལ་ལ། ཟན་ལ་སོགས་པའི་ཕུང་པོ་ལ་བཾ་ལས་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་སྣོད། ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་པཾ་ལས་བདུད་རྩིའི་རྒྱ་མཚོ། དེའི་སྟེང་དུ་ཧྲཱིཿལས་འོད་འཕྲོས་པས་བདུད་རྩིའི་རྒྱ་མཚོ་དང་འོ་མའི་རྒྱ་མཚོ་ཁ་དོག་དཀར་ཞིང་རོ་མཆོག་བརྒྱད་ དང་ལྡན་པ་དྲི་ཞིམ་པ་བསམ། ཨོཾ་ལས་སྨན་གྱི་སྡོང་པོ་སྟོང་གསུམ་གང་བ། སྭ་ལས་ཨུཏྤལ་གྱི་ནགས་ཚལ་མེ་ཏོག་གི་ཚལ་ཆགས་པ་བསམ་གྱིས་མི་ཁྱབ་པར་བསམ། ཏཾ་ལས་དཔག་བསམ་གྱི་ཤིང་འོ་མ་དང་བུམ་པ་དཔག་ཏུ་མེད་པ་འབབ་པ་བསྐྱེད་ལ། བདག་ལྷའི་རྣལ་ འབྱོར་དུ་གནས་པའི་སྙིང་གའི་ཡི་གེ་ལས་འོད་འཕྲོས་པས། ཀླུ་རིགས་ཐམས་ཅད་སྦྲུལ་མགོ་བདུན་པ་ལ་སོགས་པའམ། ཀླུ་རིགས་ས་བདག་ཏུ་བསམ། འོད་ཟེར་ལྕགས་ཀྱུ་དང་ཞགས་པ་ལྟ་བུས། གླིང་བཞི་རི་རབ་དང་བཅས་པ་ནམ་མཁའ་དང་ས་གཞི་ཐམས་ཅད་ནས་ བཀུག་ལ། དེའི་ལྕེ་ལ་རྡོ་རྗེ་བསམ། དེའི་སྟེང་དུ་ཧཱུཾ་ལས་འོད་འཕྲོས་པས། འོད་ཟེར་གྱི་སྦུ་གུས་འཐུངས། གཉིས་སུ་མེད་པའི་སེམས་དང་ལྡན་པར་བསམ། མཆོད་པ་ལྔ་དང་ལྡན་པ་ལ། ཨོཾ་བ་ཏ་ལི་མ་ཧཱ་བ་ཏ་ལི། ཧཱུཾ་ཧཱུཾ་ཧཱུཾ། ཛཿཧཱུཾ་བཾ་ཧོཿསྙན་གསན་དབབ་པའོ། །ཨོཾ་བྷུ་ཨ་དྷི་པ་ཏི་མ་ཧཱ་