'khor lo bde mchog gi rgyun bshags
Text
ff. 3b–4b · 3 folio sides
- 3b
རཱཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ། ཨུཾ་མཱ་ད། ཨ་པ་སྨ་ར། བཛྲ་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་དཾ་བ་ལིཾ་གྲྀཧྞཾ་ཏུ་ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ། ཡ་ཐཻ་བཾ་ཡ་ཐེཥྚཾ། བྷུཉྫ་ཐ། པི་པ་ཐ། ཛི་གྷྲ་ཐ། མ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱརྟ་ཡ། ས་ཏ་སུ་ཁཾ་བི་ཤུདྡྷ་ཡེ། ས་ཧ་ཡི་ཀ་བྷ་བནྟུ་ཧཱུཾ་ཧཱུཾ་ཕཊ། ཅེས་བརྗོད་ ལ་གཏང་ངོ་། །འདི་ནི་གསང་བའི་མཆོག་ཉིད་ཀྱིས། །རྣལ་འབྱོར་མ་ཡི་མཁའ་ལ་འབྱུང་། །རྟག་ཏུ་སེམས་ནི་བཟང་པོ་ཡིས། །སྦྱོར་བའི་མཆོག་ནི་བསྒོམ་པར་བྱའོ། །འདི་ནི་རབ་ཏུ་གསང་བ་ཆེ། །གཞན་དུ་བསྟན་པར་མི་བྱ་སྟེ། །དབང་པོ་གཉིས་ནི་སྦྱོར་བ་དང་། །མཆོག་གི་བསྒོམ་ པ་སྦྱར་བར་བྱ། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །བཟའ་དང་བཟའ་མིན་གཉིས་མི་བྱ། །བགྲོད་དང་བགྲོད་མིན་མི་བྱ་སྟེ། །འཐུང་དང་འཐུང་མིན་སྦྱོར་བའི་ལས། །འདི་ལྟར་ཡེ་ཤེས་གོམས་པ་ལས། །སྔགས་པ་དངོས་གྲུབ་མྱུར་དུ་འགྲུབ། །བླ་མའི་ཞལ་ནས་རྙེད་པ་ནི། །རབ་ཏུ་གསང་ བའི་དངོས་གྲུབ་ནི། །གཞན་གྱིས་གསོལ་བཏབ་གསལ་བར་བྱས། །ཐམས་ཅད་མ་ལུས་འགྲུབ་པར་འགྱུར། །འདི་བྱས་བསོད་ནམས་གང་ཐོབ་པ། །དེས་ནི་སེམས་ཅན་མ་ལུས་པ། །དོན་རྟོགས་སྟོབས་དང་ཡེ་ཤེས་ནི། །བསམ་གྱིས་མི་ཁྱབ་ཐོབ་པར་ཤོག །བདེ་མཆོག་གི་སྒྲུབ་ཐབས་ སློབ་དཔོན་ཆེན་པོ་ལཱུ་ཡི་པས་མཛད་པ་རྫོགས་སོ།། ༄། །འཁོར་ལོ་བདེ་མཆོག་གི་རྒྱུན་བཤགས་བཞུགས། ༄༅༅། །བཅོམ་ལྡན་ཕྱོགས་ཀྱི་ཞལ་བཞི་ཕྱག་བཅུ་གཉིས། །བཅུ་གཉིས་ཕྱག་གིས་གླང་ཆེན་པགས་སོགས་བསྣམས། །བདེ་གཤེགས་དྲུག་འགྱུར་ཕྱག་རྒྱ་དྲུག་གིས་བརྒྱན། །རྡོ་རྗེ་ ཕག་མོ་སྐུ་རྒྱན་བདེ་བ་མཆོག་ལ་རོལ། །མཁའ་འགྲོ་ལ་སོགས་ཚོགས་ཀྱི་འཁོར་ལོ་བསྐོར། །མཁའ་སོགས་ས་དང་དེ་བཞིན་ས་འོག་བཅས། །འཇིག་རྟེན་གསུམ་མཆོག་འཁོར་བཅས་བཞུགས་སོ་འཚལ། །ཡེ་ཤེས་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །ཐོག་མ་མེད་ནས་སྐྱེ་བ་འདི་བར་དུ། ། ཤིན་ཏུ་མི་བཟང་འཁོར་བར་བདག་འཁྱམས་པས། །བསྐལ་བའི་དུས་མཐའ་བསྟན་པའི་སྙིགས་མ་ལ། །ཁྱེད་ཀྱི་ཞལ་གྱི་འོད་ཟེར་གློག་ཙམ་མཐོང་། །སྔོན་གྱི་འཕྲོ་དང་ཁྱེད་ཀྱི་ཐུགས་རྗེ་ཡིས། །ཐེག་པ་མཆོག་གྱུར་བླ་ན་མེད་པ་དང་། །གསང་སྔགས་རྡོ་རྗེ་ཐེག་པའི་དོན་ཆེན་འདི། །བློ་
- 4a
ངན་བདག་གིས་སྤྱད་ཅིང་བསྒྲུབ་པའི་ཕྱིར། །བདག་གིས་ཁས་བླངས་དམ་བཅས་ཚུན་ཆད་དུ། །བསྒྲུབས་པའི་འབྲས་བུ་མངོན་དུ་མ་གྱུར་ཀྱང་། །དམ་ཚིག་མི་འདའ་བདེ་གཤེགས་བཀའ་མི་སླུ། །མངོན་སུམ་ཞལ་བཞིན་རྟག་ཏུ་ཁྱེད་ལ་དགོངས། །ཉོན་མོངས་རང་བཞིན་ རྣམ་ཤེས་མ་སྦྱངས་པར། །ཁྱེད་ཀྱི་སྐུ་གསུང་ཐུགས་ནི་མ་མཐོང་ཡང་། །ཁྱེད་ཀྱི་བཀའ་ལས་བདག་ནི་མི་འདའ་ན། །བཀའ་ཡི་བྱིན་རླབས་བདག་ལ་གྲུབ་པར་མཛོད། །བདག་གི་རང་བཞིན་ཁྱེད་དང་ཡོངས་སུ་མཉམ། །མ་ལུས་འགྲོ་ཚོགས་རྣམས་ཀྱང་དེ་བཞིན་ལགས། །བདག་གིས་ ལུས་ཀྱིས་ཉེས་པ་ཅི་སྤྱད་པ། །སྐུ་ཡི་དཀྱིལ་འཁོར་ཚོགས་ལ་བཟོད་པར་གསོལ། །བདག་མེད་ཚུལ་གྱིས་ངག་གིས་ཉེས་སྨྲས་པ། །རིག་སྔགས་ལྷ་ཡི་སྙིང་པོ་ཕྱག་རྒྱ་དག །རྒྱུན་མི་འཆད་པར་ཡོངས་སུ་སྤྱད་པ་ལས། །ཉམས་གྱུར་གསུང་གི་ཚོགས་ལ་བཟོད་པར་གསོལ། །བདག་ གི་ཡིད་ཀྱིས་གཞན་གྱི་ཉེས་བསམས་ཤིང་། །ཏིང་འཛིན་ལྟ་སྤྱོད་ལྷ་དང་སློབ་དཔོན་དང་། །རིག་སྔགས་ལྷ་ཡི་སྙིང་པོའི་ཕྱག་རྒྱ་དག །རྒྱུན་མི་འཆད་པར་ཚོགས་ལ་བཟོད་པར་གསོལ། །སློབ་དཔོན་བརྙས་ཤིང་བཀའ་ལས་འདས་པ་དང་། །སྤུན་ལ་ཉེས་སྨྲས་བྱམས་པ་ཆེན་པོ་སྤངས། ། བྱང་ཆུབ་སེམས་སྤངས་ཐེག་པ་གསུམ་སྤངས་སྨོད། །སྐལ་མིན་གསང་བསྒྲགས་བདག་ཉིད་ཕུང་པོ་སྨད། །ཆོས་ལ་ཡིད་གཉིས་སྡུག་ལ་ཆགས་བྲལ་བྱམས། །ཆོས་ལ་གཉིས་འབྱེད་དད་པའི་སེམས་ལ་སྨོད། །དམ་ཚིག་ཇི་བཞིན་བསྙད་པ་མི་བསྟེན་དང་། །བརྟགས་པའི་རིག་མ་སྨད་ པར་བྱེད་པ་དང་། །རྩ་བ་འདི་ཉམས་ཁྱེད་ལ་བཟོད་པར་གསོལ། །དམ་ཚིག་མི་ལྡན་རིག་མ་བསྟེན་པར་དགའ། །དཀྱིལ་འཁོར་ཚོགས་རྩོད་གསང་བའི་ཆོས་སྟོན་དང་། །སེམས་ཅན་དད་ལ་དམ་ཚིག་གཞན་དུ་སྟོན། །ཉན་ཐོས་དག་དང་ལྷན་ཅིག་གནས་བྱེད་ཅིང་། །སྦྱོར་བ་མ་བྱས་ སྣོད་མིན་གསང་བ་སྟོན། །ཕྱག་རྒྱ་མི་ཤེས་ཕྱག་རྒྱ་བསྟེན་པ་དང་། །བསྙེན་པ་དག་པར་མ་བྱས་དཀྱིལ་འཁོར་ཞུགས། །སྡོམ་པ་གཉིས་ཀྱི་བཅས་པ་དགོས་མེད་པས། །ཡན་ལག་དམ་ཚིག་འདི་ལས་འགལ་བགྱིས་པའི། །བཀའ་ཆད་གནས་སུ་གྱུར་པ་ཅི་མཆིས་པ། །བཟོད་པར་གསོལ་ལོ་
- 4b
ཚངས་པར་སྩལ་དུ་གསོལ། །ད་ལྟའི་དུས་སུ་བསྟན་པ་འཇིག་དུས་སུ། །ཉོན་མོངས་ཤས་ཆེན་ཁྱེད་ཀྱིས་རབ་ཏུ་མཁྱེན། །སོ་སོར་ཐུགས་དམ་བཞིན་དུ་ཉེར་དགོངས་ལ། །ཇི་ལྟར་འཚལ་བ་བཞིན་དུ་ཕྲིན་ལས་མཛོད། །ཇི་ལྟར་བུ་ཡིས་རབ་ཏུ་མི་ཤེས་ཀྱང་། །ཕ་ཡིས་བརྩེ་བས་ལེགས་པར་སྐྱོང་བ་ ལྟར། །བདག་གིས་གཞུང་འདི་རབ་ཏུ་མ་ཤེས་ཀྱང་། །ཐུགས་རྗེ་ཆེན་པོས་ཡོངས་སུ་གཟུང་དུ་གསོལ། །དཔལ་འཁོར་ལོ་བདེ་མཆོག་གི་རྒྱུན་བཤགས་བསྡུས་པ། དཔལ་ཨཽ་ཌྱན་ལྷ་མོའི་གནས་པ་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ ཙཀྲ་སཾ་བ་ར་གརྦྷ་ཏཏྟྭ་སིདྡྷི། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་སྙིང་པོའི་དེ་ཁོ་ན་ཉིད་གྲུབ་པ། དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །གང་དུ་ཐབས་དང་ཤེས་རབ་མཉམ་སྦྱོར་བས། །ཀུན་རྫོབ་དོན་དམ་དབྱེར་མེད་རང་བཞིན་ཅན། །བདེ་དང་སྟོང་པ་འདུས་པའི་རོས་ གང་བའི། །གཉུག་མའི་ཡེ་ཤེས་དེ་ལ་བདག་ཕྱག་འཚལ། །གང་ཞིག་གོམས་པར་གྱུར་པས་སྲིད་པ་ཡི། །བཙོན་རར་དཀྲིས་པའི་འཆིང་བ་ཀུན་གཅོད་པ། །སེམས་ཀྱི་དམ་པ་རང་རིག་རིན་ཆེན་མཆོག །གང་ལ་བརྟེན་ནས་རྟོགས་པའི་ཐབས་བཤད་བྱ། །དྲུག་དང་བརྒྱད་གཉིས་བཅུ་ ཕྲག་གཉིས་དང་ལྔ། །བཞིན་རྒྱས་མིག་ཡངས་གཟུགས་མཛེས་ལང་ཚོ་ལྡན། །དད་དང་ཐོས་དང་སྙིང་རྗེས་ཡིད་བརྒྱན་མ། །སྐྱབས་སོང་སེམས་བསྐྱེད་ཡང་དག་དབང་བསྐུར་བ། །ཉེས་བྲལ་དབེན་པར་གཡེང་བ་ཀུན་སྤངས་ཏེ། །ཁམས་དང་རྗེས་མཐུན་བཟའ་དང་བཏུང་བ་དང་། །དྲི་ ཞིམ་ཡིད་འོང་རྒྱན་མཛེས་སྤྱོད་དགུ་ལྡན། །གང་དང་ཐ་མལ་འཛིན་པ་རྣམས་སྤངས་ཏེ། །དབང་པོའི་གཞུ་ལྟར་སྣང་བ་ལྷ་ཡི་ལུས། །དེ་ལ་ཡི་གེ་དྱ་ནི་སྣ་རྩེ་དང་། །བྱིན་པ་མཚན་གྱི་ལྟེ་བར་རྣམ་དགོད་ཅིང་། །ལྟེ་བ་སྙིང་ག་ཁ་དང་དཔྲལ་བ་རུ། །སྔགས་ཀྱི་ཚོགས་དང་བཅས་པས་ བྱིན་གྱིས་བརླབ། །འཁྱུད་དང་འོ་བྱེད་སེན་མོས་འདེབས་པ་དང་། །མཆུ་འཇིབ་པ་དང་ནུ་མ་འཚིར་བ་དང་། །ཉེད་དང་རྡེབ་དང་སོར་མོ་བསྐྱོད་པ་ཡིས། །དབང་གཉིས་སྙོམས་པར་འཇུག་པའི་སྦྱོར་བ་བྱ། །གང་ཚེ་མཉམ་མེད་རིན་ཆེན་མཆོག་ལྟ་བུ། །སེམས་ཀྱི་དམ་པ་རང་རིག་བདེ་ཆེན་
Colophon
dpal 'khor lo bde mchog gi rgyun bshags bsdus pa/ dpal aoo dya na lha mo'i gnas pa rgyal po aindra bhU tis mdzad pa rdzogs so//