yon yongs su sbyong ba zhes bya ba
Dakṣiṇīpariśodhanīnāma
Text
ff. 113a–113b · 2 folio sides
- 113a
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཨོཾ་ན་མོ་ད་ཤ་དི་ཀ་ཏྲི་ཀཱ་ལ་སརྦ་རཏྣ་ཏྲ་ཡཱ་ཡ། མ་མ་པྲ་དཀྵ་སུ་པྲ་ད་ཀྵ། སརྦ་པཱ་པཾ་བི་ཤོ་དྷ་ནི་སྭཱ་ཧཱ། གཟུངས་འདི་ལན་ཅིག་བརྗོད་ པས་ཕྱོགས་བཅུ་དུས་གསུམ་གྱི་དཀོན་མཆོག་གསུམ་ལ་ཕྱག་འཚལ་ཞིང་བསྐོར་བ་བྱས་པར་འགྱུར་རོ། །ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་ཐམས་ཅད་དག་པར་འགྱུར་རོ། །སངས་རྒྱས་ཀྱི་བྱང་ཆུབ་མྱུར་དུ་ཐོབ་པར་འགྱུར་རོ། །དགྲ་དང་བགེགས་ ཀྱིས་གླགས་རྙེད་པར་མི་འགྱུར་རོ། །ནད་དང་གདོན་ཐམས་ཅད་ལས་ཐར་བར་འགྱུར་རོ། །བསྐོར་བའི་གཟུངས་རྫོགས་སོ།། ༄༅། །རྒྱ་གར་སྐད་དུ། དཀྵི་ཎཱི་པ་རི་ཤོ་དྷ་ནཱི་ནཱ་མ། བོད་སྐད་དུ། ཡོན་ཡོངས་ སུ་སྦྱོང་བ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ནས་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་བློ་གྲོས་དང་ལྡན་པའི་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ན་མཿས་མནྟ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་བྷྱཿ། སཾ་མྱ་ཀྶཾ་བུད་དྷཱ་ཡ། ན་མོ་མཉྫུ་ཤྲི་ཡེ། ཀུ་མཱ་ར་བྷཱུ་ཏཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ནི་རཱ་ལ་མྦེ། ནི་རཱ་བྷ་སེ། ཛ་ཡེ་ཛ་ཡ་ལ་བྡྷེ། མ་ཧཱ་མཱ་ཏེ་དཀྵེ་དི་ཀྵཱ་ཎཱི་མ་པ་རི་ཤོ་དྷཱ་ཡ་སྭཱ་ཧཱ། འདི་ལན་ཅིག་བརྗོད་པས་སྡིག་པ་ཐམས་ཅད་བྱང་བར་འགྱུར་རོ། །ཡོན་མང་པོ་ལ་སྤྱད་པ་ཡང་བྱང་ བར་འགྱུར་རོ། །ཡོན་བདག་དེའི་ཡོན་ཡོངས་སུ་འཕེལ་བར་འགྱུར་ཞིང་ཚོགས་ཐམས་ཅད་རྫོགས་པར་འགྱུར་རོ། །འདི་བརྗོད་པས་བར་དུ་གཅོད་པ་ཐམས་ཅད་ཀྱང་མི་འབྱུང་ངོ་། །འདུལ་བ་ལུང་ལས་རྣམ་པར་ངེས་པའི་མདོ་ལས་བྱུང་བ་ཡོན་
- 113b
ཡོངས་སུ་སྦྱོང་བའི་གཟུངས་རྫོགས་སོ།། ༄༅། །དེ་ནས་ཡོན་ཡོངས་སུ་སྦྱོང་བའི་གཟུངས། ན་མོ་བྷ་ག་བ་ཏེ། སུ་མེ་རུ་ཀལྤ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཡརྷ་ཏེ། སཾ་མྱ་ཀྶཾ་བུད་དྷཱ་ཡ། ཏདྱ་ཐཱ། ཨོཾ་ཀལྤ་ ཀལྤེ། མ་ཧཱ་ཀལྤེ་ཀལྤ་པ་རི་ཤོ་དྷ་ནི་སྭཱ་ཧཱ། གཟུངས་འདི་ལན་ཅིག་བཟླས་པས་རི་རབ་ཙམ་གྱི་ཡོན་ཡོངས་སུ་སྦྱོང་བར་བྱེད་པར་གསུངས་པས། ལན་ལྔའམ། དྲུག་ཙམ་བཟླས་སོ། །ཡོན་ཡོངས་སུ་སྦྱོང་བའི་གཟུངས་རྫོགས་ སོ།། ༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་རྟེན་ལ་སྔགས་འདི་ལན་རེ་བརྗོད་ཅིང་བརྐྱང་ཕྱག་རེ་བྱས་ཏེ། ཕྱག་གསུམ་བྱས་ན་སྡེ་སྣོད་གསུམ་ཐོས་པ་དང་། བསམས་ པ་དང་། བསྒོམས་པའི་བསོད་ནམས་དང་མཉམ་པར་འགྱུར་རོ། །ཉི་མ་རེ་རེ་ཕྱག་གསུམ་གསུམ་བྱས་ན་ཚེ་འདི་ཉིད་ལ་མཐོང་བའི་ལམ་གྱི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །དེ་མ་ཐོབ་ཀྱི་བར་དུ་མི་དང་མི་མ་ཡིན་པ་དང་། འབྱུང་པོ་དང་། ནད་རིམས་ཀྱི་གནོད་པ་འབྱུང་བར་མི་འགྱུར་རོ། །ཨོཾ་ན་མོ་མཉྫུ་ཤྲི་ཡེ། ན་མཿསུ་ཤྲི་ཡེ། ན་མ་ཨུཏྟ་མ་ཤྲི་ཡེ་སྭཱ་ཧཱ། ཕྱག་བྱ་བའི་གཟུངས་རྫོགས་སོ།། ༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། །ཨི་རི་མི་རི། དྷ་དཾ་མེ། བ་ཧུ་ཕ་ལཾ་བྷ་བ་ཏུ་སྭཱ་ཧཱ། གོས་ཕྲུགས་གཅིག་ལ་ལན་སྟོང་བཟླས་བརྗོད་བྱས་ཏེ། མི་ཡ་རབས་སམ། སློབ་དཔོན་ནམ། གཞན་གང་ཡང་རུང་ བ་གཅིག་ལ་བྱིན་ན། ཟླ་བ་ཕྱེད་ཕན་ཆད་ཀྱིས་གོས་ཕྲུགས་བརྒྱ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་ནོར་ཟས་སམ། རྐང་འགྲོས་གང་ཡང་རུང་བ་རྣམས་ཀྱང་དེ་དང་འདྲའོ། །གོས་བརྒྱ་ཐོབ་པའི་གཟུངས་རྫོགས་སོ།། །།
Colophon
'dul ba lung las rnam par nges pa'i mdo las byung ba yon yongs su sbyong ba'i gzungs rdzogs so/