D602MW4CZ5369_0602rgyudAll versions of this work

mchod rten gcig yan chad bye ba btab par 'gyur ba'i gzungs

Text

ff. 266b–267a · 2 folio sides

  1. 266b

    མི་འགྱུར། །ཞེས་འབྱུང་ངོ་། །གང་ཞིག་གསང་སྔགས་དང་དགོངས་པར་ལྡན་པས་མཆོད་རྟེན་དང་སྐུ་གཟུགས་བཏབ་པའི་ཡོན་ཏན་ནི་ཇི་སྐད་དུ། མཆོད་རྟེན་ཆོ་ག་དམ་པ་འདི། །བསོད་ནམས་བགྱིས་པའི་ཁྱད་པར་ནི། །གཟུངས་འདི་བཟླས་པའི་མཆོད་རྟེན་གྱིས། ། གཅིག་བཏབ་བྱེ་བ་བཏབ་དང་འདྲ། །ཡུན་རིང་དུས་ནས་འཁོར་བ་ཡི། །མཚམས་མེད་ལྔ་དང་སྡིག་དཔུང་རྣམས། །ཇི་སྙེད་ཡོད་པ་མ་ལུས་འབྱང་། །ཚེ་རིང་ཕུན་སུམ་ཚོགས་པར་འགྱུར། །ཚེ་རབས་གཞན་དུ་སྐྱེ་བ་ན། །རིགས་མཆོག་དམ་པར་སྐྱེས་ནས་ ཀྱང་། །ལོངས་སྤྱོད་མཆོག་དང་རབ་ལྡན་ཞིང་། །འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེ། །ཚེ་རབས་སྔ་ཕྱི་དྲན་པར་འགྱུར། །དུས་གསུམ་འཇིག་རྟེན་ཐམས་ཅད་དུ། །དཀོན་མཆོག་གསུམ་དང་མི་འབྲལ་ཞིང་། །བགེགས་དང་གནོད་པས་དེ་མི་བསྐྱོད། །བསམ་ པ་ཡོངས་སུ་འགྲུབ་པར་འགྱུར། །མཐར་ནི་མངོན་པར་འཚང་རྒྱའོ། །བི་མ་ལ་ཨུཥྞཱི་ཥའི་གཟུངས་རྫོགས་སོ།། །།མཆོད་རྟེན་གཅིག་ཡན་ཆད། བྱེ་བ་མན་ཆད་གདབ་པའི་སྔགས་དང་བསམ་པའི་རྒྱུད་ནི་ཀུན་ཀྱང་འདྲའོ། །དེ་ལ་མཆོད་རྟེན་གཅིག་བཏབ་ན། བྱེ་བ་བཏབ་པར་འགྱུར་བའི་སྔགས་དང་ཆོ་ག་ནི་འཇིམ་པ་ལ་སོགས་པ་ཡོ་བྱད་ཐམས་ཅད་ལ་སྔགས་འདི་ལན་ཉི་ཤུ་རྩ་གཅིག་བཟླས་པར་བྱའོ། །ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱན། ཛི་ནཱ་ནཱན། བན་དྷེ་རཏྣ་ཊ་ཡན་ཤུ་བྷ་ན། ཨཀྵོ་བྷྱ་ཨ་མི་ཏཱ་བན་ཙ་བན་དེ། ཨ་ཧཾ་ཨ་ལོ་ཀི་ཏཾ། ན་མསྟྲྱ་ དྷཱ་ནུ་ག་ཏཱ་ནཱན། སརྦ་ཏ་ཐཱ་ག་ཏཱ་ནཱན། སུཀྵྨེ་སུཀྵྨེ། ནཱ་ག་དེ། ཤཱནྟེ། དཱནྟེ། ཤཱི་བ་ནི་རཱ་ཀུ་ལེ། ཡ་ཤོ་ཡ་ཤོ་བ་ཏི། ཏེ་ཛེ་ཏི་ཛོ་བ་ཏི། སརྦ་བུད་དྷ་ཨ་དྷིཥྛི་ཏེ་སྭཱ་ཧཱ། །མུ་དྲ་འདེབས་པའི་འཇི་བ་འམ། སྔགས་བྲི་བའི་ཚེ། ལན་བདུན་གདབ་པའི་སྔགས་ལ། ན་མཿས་མནྟ་བུདྷྷ་ནཱན། ཨཱ་པྲ་ཏི་ཧ་ཏ། ཤཱ་ས་ནཱ་ནཱན། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། འབི་འབིའི་སྔགས་ལ། ཨོཾ་བཛྲོད་བྷ་བཱ་ཡ་སྭཱ་ཧཱ། །ཙེ་ཏིའི་ཕོར་བུའི་ནང་དང་། ས་ཚའི་ནང་དུ་ཕྱེ་མ་བཏབ་པའམ། སྣུམ་གྱིས་བྱུགས་པའི་སྔགས་ལ། ཨོཾ་བཛྲ་ཨ་ར་ཛེ་བི་ར་ཛེ་

  2. 267a

    སྭཱ་ཧཱ། ཕྱག་རྒྱའམ། སྔགས་གཞུག་པའི་སྔགས་ལ། ཨོཾ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཙེ་ཏིའི་ཕོར་བུར་འབི་འབི་གཞུག་པའི་སྔགས་ལ། ཨོཾ་བཛྲ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། །ཐོ་བ་རྡེག་ཅིང་གདབ་པའི་སྔགས་ལ། ཨོཾ་བཛྲ་མུངྒ་ར་ཨ་ཀོ་ཊ་ཡ་ཧཱུྃ། ཙེ་ཏིའི་ཕོར་བུ་ ནས་ཕྱིར་དབྱུང་བའི་སྔགས་ལ། ཨོཾ་དྷརྨ་ར་ཏེ་སྭཱ་ཧཱ། །འཁོར་ལོ་དང་དབུ་ཞུ་གསོལ་བའི་སྔགས་ལ། ཨོཾ་བྷྲ་མ་ཏན་ཡེ་སྭཱ་ཧཱ། །ཙེ་ཏིའི་དཀྱིལ་འཁོར་ལ་བཞག་པའི་སྔགས་ལ། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཆོ་ག་དེ་ལྟར་བྱས་ན་ཙེ་ཏི་གཅིག་བཏབ་པས་བྱེ་མ་སྙེད་བཏབ་པར་ འགྱུར་རོ། །ཐམས་ཅད་དུ་སྐྱེ་བ་དྲན་པར་འགྱུར་རོ། །དཀྱིལ་འཁོར་བྱས་པའི་ལག་པ་འཇི་བ་ཅན་གྱིས་གར་ན་བར་བསྐུས་ན། ནད་མཛེའི་རྣམ་པ་བཅྭ་བརྒྱད་ལ་སོགས་པ་ཐམས་ཅད་མ་ལུས་པར་ཞི་བར་འགྱུར་རོ།། ༄༅༅། །རྒྱ་གར་ སྐད་དུ། ཀ་རུ་ཎ་ཨ་གྲ་ནཱ་མ་དྷཱ་ར་ཎཱི། །བོད་སྐད་དུ། སྙིང་རྗེའི་མཆོག་ཅེས་བྱ་བའི་གཟུངས། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཕྱག་ན་པདྨ་བསྣམས། སེམས་ཅན་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱི་ཚང་ཚིང་དུ་ནུབ་པ་རྣམས་ཡང་དག་པར་བསྐུལ་བའི་ཕྱིར་ བློ་གྲོས་ཤར་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་གསང་སྔགས་ཀྱི་མཆོག་སྙིང་རྗེ་ཆེན་པོའི་རྩེ་མོ་འཆར་བ། ཐོགས་པ་མེད་པའི་དོན་ཡོད་པའི་ལས་ཀྱི་དངོས་གྲུབ་དེ་བཞིན་གཤེགས་པའི་ཞལ་ནས་བྱུང་བ། སེམས་ཅན་གྱི་དཀྱིལ་འཁོར་མ་ལུས་པའི་ལས་ཀྱི་སྒྲིབ་པ་ དང་། ངན་སོང་གི་སྡུག་བསྔལ་རྣམ་པ་སྣ་ཚོགས་ཞི་བར་བྱེད་པ། ཕན་པ་མ་ཡིན་པ་དང་། བཀྲ་མི་ཤིས་པ་དང་། རྨི་ལམ་ངན་པ་དང་། ལྟས་ངན་པ་ཐམས་ཅད་དང་། ནད་རྣམ་པ་དུ་མ་དང་། དུས་མ་ཡིན་པར་འཆི་བ་རྣམ་པ་སྣ་ཚོགས་རབ་ཏུ་ཞི་བར་བྱེད་པ། སྟོང་ ཆེན་པོ་རབ་ཏུ་འཇོམས་པར་བྱེད་པ་བཤད་པར་བྱ་སྟེ། ཐོག་མར་བཅོམ་ལྡན་འདས་བསོད་ནམས་ཀྱི་ཚོགས་དུ་མ་བྱེ་བ་ཕྲག་འབུམ་གྱིས་བརྒྱན་པའི་སྐུ་མངའ་བ་ལ་ཕྱག་འཚལ་ནས་བརྩམ་པར་བྱའོ། །ན་མོ་བྷ་ག་བ་ཏེ། བཻ་རོ་ཙ་ནཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ།