D1059MW4CZ5369_1059gzungsAll versions of this work

stong chen mo nas phyung ba sman la sngags kyis gdab pa

Text

ff. 189b–190a · 2 folio sides

  1. 189b

    ༄༅། །མེའི་ཟུག་རྔུ་རབ་ཏུ་ཞི་བར་བྱེད་པའི་གཟུངས། བསིལ་མཛད་ཆུའི་ལྷ་ལ་ཕྱག་འཚལ་ལོ། །ཨོཾ་བྷྲ་མ་ཎི་བྷྲ་མ་ཎི། ཛྷོ་རི་བྷྲ་མ་ཎི་སྭཱ་ཧཱ། ཞེས་ལན་བཅུ་གཅིག་བརྗོད་དེ་མཆིལ་མ་བྱུགས་ན་མེས་ཚིག་པའི་ཟུག་རྔུ་ཞིའོ། །མེའི་ཟུག་ རྔུ་རབ་ཏུ་ཞི་བར་བྱེད་པའི་གཟུངས་རྫོགས་སྷོ།། ༄༅། །མཁྲིས་པའི་ནད་སེལ་བའི་སྔགས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་ཧི་ཏུ་ཧེ་གེ་སྭཱ་ཧཱ། བསིལ་ཡབ་ཀྱིས་ལུས་ལ་གཡབས་ན་མཁྲིས་ པའི་ནད་དང་། མིག་སེར་དང་། གཡའ་བའི་ནད་སེལ་བར་བྱེད་དོ། །མཁྲིས་པའི་ནད་སེལ་བར་བྱེད་པའི་གཟུངས་རྫོགས་སྷོ།། ༄༅། །བད་ཀན་གྱི་ནད་སེལ་བའི་གཟུངས་སྔགས། འཕགས་པ་སྤྱན་ རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཨོཾ་ཤཱནྟི་ཤཱནྟི། བྷི་ཏི་ཤཱནྟི། སརྦ་བི་ཏི་མུ་ལ་མྱགས་སྭཱ་ཧཱ། ཟས་མ་ཞུ་བ་དང་། སྦོས་པ་དང་། སྐྲན་ནད་དང་། ཆུ་དང་། ཁྲག་སྐྱུགས་པ་དང་། བད་ཀན་གྱི་ཟུག་གཟེར་རབ་ཏུ་སེལ་ལོ། ། བད་ཀན་གྱི་ནད་སེལ་བའི་གཟུངས་རྫོགས་སྷོ།། ༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཀྵ་ཡའི་ནད་སེལ་བའི་སྔགས། ན་མོ་ཧི་ཏུ་ཧེ་ཀེ་སྭཱ་ཧཱ། ལུས་ལ་ནད་བྱུང་ན་ནད་ཁོང་སྐེམས་ཀྱིས་ བཏབ་ན་བསིལ་ཡབ་ལ་ཆུས་གཏོར་ཏེ། ལན་དྲུག་ཅུ་རྩ་གཅིག་སྔགས་ནས་དེའི་ལུས་ལ་གཡབས་ན་ནད་མེད་པར་འགྱུར་རོ། །ཀྵ་ཡའི་ནད་སེལ་བའི་གཟུངས་རྫོགས་སྷོ།། ༄༅། །དཀོན་ མཆོག་གསུམ་ལ་ཕྱག་འཚལ་ལོ། །སྱཱ་ད་ཡ་ཐེ་དན། ཁ་ཊེ་ཁ་ཊེ། ཁ་ཊ་བི་ཁ་ཊེ། ཙ་ལེ་བི་ཙ་ལེ། བི་ལ་མྡེ་བ་ལེ་བ་ལ་བ་ཏེ། ཙནྡྲེ་ཙ་ར་ཎེ་ཨ་མྲྀ་ཏ་ནིརྒྷོ་ཥེ། རླུང་མཁྲིས་བད་ཀན་འདུས་པ་ཞི་བར་གྱུར་ཅིག་སྭཱ་ཧཱ། ནད་པའི་སྨན་ལ་

  2. 190a

    གདབ་བོ། །སྟོང་ཆེན་མོ་ནས་ཕྱུང་བ་སྨན་ལ་སྔགས་ཀྱིས་གདབ་པ་རྫོགས་སྷོ།། ༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་ལྷ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ། མ་ཧཱ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་ས་མུཏྒ་ཏེ་སྭཱ་ཧཱ། སྨན་གཏོང་བའི་ཚེ་སྨན་ལ་སྔགས་ཀྱིས་གདབ་པ་རྫོགས་སྷོ།། །། ༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཨོཾ་མོ་ཁ་མུ་ཁི། ཏྲི་མུ་ཁི། ཏྲི་མུ་ཁི། ས་ཧ་སྲ་མུ་ཁི། ཏ་ཐཱ་ག་ཏཱ་མུ་ཁ་སྟྭི་ཧ་ན། ཚིནྡ་ཚིནྡ། བྷིནྡ་བྷིནྡ། སྭ་ཐཱ་ནཱཾ་གཙྪ་སླཱ་ཧེ་སྭཱ་ཧཱ། མད་སི་དང་། བརྟ་ཀ་དང་། ག་གོན་ རིང་པོ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་པ་བྱས་ཏེ་གཤགས་ན་མཚེར་པའི་སྐྲན་ཞི་བར་འགྱུར་རོ། །ཐེ་ཚོམ་མེད་དོ། །སྐྲན་ཞི་བའི་གཟུངས་རྫོགས་སྷོ། །༄༅། །རྒྱ་གར་སྐད་དུ། ཨཱ་ཊྭ་ནཱ་ཊཱི་ ཡ་སཱུ་ཏྲཾ་ནཱ་མ་མ་ཧཱ་སཱུ་ཏྲ། བོད་སྐད་དུ། མདོ་ཆེན་པོ་ཀུན་དུ་རྒྱུ་བ་དང་ཀུན་དུ་རྒྱུ་བ་མ་ཡིན་པ་དང་མཐུན་པའི་མདོ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཁ་དོག་འཕགས་པ། གཡོག་འཁོར་གནོད་སྦྱིན་དུ་མ་དང་། གཡོག་འཁོར་གནོད་སྦྱིན་བརྒྱ་ཕྲག་དུ་མ་ དང་། གཡོག་འཁོར་གནོད་སྦྱིན་སྟོང་ཕྲག་དུ་མ་དང་། གཡོག་འཁོར་གནོད་སྦྱིན་འབུམ་ཕྲག་དུ་མ་དང་ལྡན་པ་རྣམ་ཐོས་པ་དང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་

Colophon

stong chen mo nas phyung ba sman la sngags kyis gdab pa rdzogs s+ho/