D2197MW23703_2197rgyud 'grelAll versions of this work

khro bo rdo rje gtum po'i sgrub thabs zhes bya ba

Text

ff. 79a–79b · 2 folio sides

  1. 79a

    པདྨ། མཱ་ལེ་མྲྀ་ཛཿ་ཨཱ་ཀཪྵ་ཡ་ཛཿཧཱུཾ་བཾ་ཧོཿ། ཨོཾ་བ་རུ་ཎ་ནཱ་ག་དེ་བ་ཏཱ། ཨོཾ་ཨཱ་ཀཪྵ་ཡ་ཛཿཧཱུཾ་བཾ་ཧོཿ། ཨོཾ་ཨཱ་གཙྪ་ཨཱ་གཙྪ། མ་ཧཱ་ནཱ་ག་ཧོཿབ་ཏི་སརྦ་ཕུཿཕུཿ། ས་མ་ཡ་ཛཿཧཱུཾ་བཾ་ཧོཿ། མེ་ཏོག་དབུལ། ཨོཾ་བྷཀྵ་ས་མ་ཡ་ཏིཥྛ་ཛཿཧཱུཾ་སྭཱ་ཧཱ། འོ་མ་ལ་སོགས་དབུལ། ཨོཾ་བ་རུ་ ཎ་ནཱ་ག་དེ་བ་ཏཱ་ཡེ་སྭཱ་ཧཱ། ཨོཾ་ནཱ་ག་སརྦ་ཕུཿཕུཿཨ་ནནྟ་ཀཱ་ཡ་སྭཱ་ཧཱ། ཨོཾ་ཕུཿཕུཿཏཀྵཱ་ཡ་སྭཱ་ཧཱ། ཨོཾ་ཕུཿཕུཿབ་སུ་ཀི་ཡེ་སྭཱ་ཧཱ། ཨོཾ་ཕུཿཕུཿཀརྐོ་ཊ་ཀཱ་ཡ་སྭཱ་ཧཱ། ཨོཾ་ཕུཿཕུཿཔདྨཱ་ཡ་སྭཱ་ཧཱ། ཨོཾ་ཕུཿཕུཿམ་ཧཱ་པདྨཱ་ཡ་སྭཱ་ཧཱ། ཨོཾ་ཕུཿཕུཿཤཾ་ཁ་པཱ་ལཱ་ཡ་སྭཱ་ཧཱ། ཨོཾ་ཕུཿཕུཿཧུ་ལུ་ཀཱ་ཡ་སྭཱ་ཧཱ། ཨོཾ་ ཕུཿཕུཿཨ་ནནྟ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ནཱ་ག་རཱ་ཛ་ཨ་ནནྟཱ་ཡ་སྭཱ་ཧཱ། ཨོཾ་ནཱ་ག་ཤཾ་ཁ་པཱ་ལཱ་ཡ་སྭཱ་ཧཱ། ཨོཾ་ནཱ་ག་སརྦ་པཱུ་ཛ་མེ་གྷ་ས་མ་ཡེ་སྭཱ་ཧཱ། ཨོཾ་ནཱ་ག་སརྦ་ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞ་ས་མ་ཡེ་སྭཱ་ཧཱ། ནཱ་ག་ཧུ་ལུ་ཀཱ་ཡ་སྭཱ་ཧཱ། ཨོཾ་ནཱ་ག་བ་སུ་ཀི་ཡེ་སྭཱ་ཧཱ། ཏཀྵ་ཡ་སྭཱ་ཧཱ། བ་ཏ་ལི་སྭཱ་ཧཱ། ཨུ་པ་ནནྡ་ སྭཱ་ཧཱ། ཝ་རུ་ཎཱ་ཡ་སྭཱ་ཧཱ། ཨོཾ་བི་རཱུ་པཀྵ་ཎཱ་ཡ་སྭཱ་ཧཱ། ཨོཾ་ནཱ་ག་ལེ་ནཱ་ག་ལེ་སྭཱ་ཧཱ། ཨོཾ་ནཱ་ག་ཀེ་ཤེ་ཕུད་ཡ་ཏེ་ནཱ་མ་ཀ་པྲ་མརྡ་ནཱ་ཡ་སྭཱ་ཧཱ། ཨོཾ་བྷཱུ་ཨ་དྷི་པ་ཏི་མ་ཧཱ་པདྨ་མཱ་ལེ་མྲྀ་ཛ། ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞ་པ་ཡ་སྭཱ་ཧཱ། ཨོཾ་བྷཱུ་ཨ་དྷི་པ་ཏི་མ་ཧཱ་པ་ར། མ་ཧཱ་པདྨ་མ་ལོ་མྲྀ་ཛ། མ་ཧཱ་པཱུ་ཛ་ས་མ་ཡ་ སྭཱ་ཧཱ། ས་བདག་མཆོད་པ། ཀླུ་ཤི་ས་བསྟན་པ་ནི། བཛྲ་པྲཱ་ཎི་ནཱ་ག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སྟོང་བཟླས་ན་ས་བདག་ཀླུ་གཉན་ཁ་འཆིང་བར་འགྱུར་རོ། །ཟབ་ཆེ་ཆུང་བལྟ། ཟབ་ཆེ་ན་གཟུགས་སྣ་ཚོགས་བྱ་བ་བར་བར་དུ་ཤ་དང་ཉ་ཤ་དང་། ཆུ་མིག་ནས་ཆུ་བླངས་ལ་བ་དམར་སེར་གྱི་འོ་ མས་བྱ། ཆུང་ན་གཏོར་མས་ཆོ་ག །བྱ་ཁྱུང་ས་མ་ཡ་ཏནྟྲའི་རྒྱུད་ལས་བཏུས་པ། ལོ་ཙཱ་བ་གླན་ཆུང་དར་མ་ཚུལ་ཁྲིམས་ཀྱིས་བསྒྱུར་བའི་ཀླུ་གཏོར་རྒྱས་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཙཎྜ་ཀྲོ་དྷ་སཱ་དྷ་ན་ནཱ་མ། བོད་སྐད་དུ། ཁྲོ་བོ་རྡོ་རྗེ་གཏུམ་ པོའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ། །དང་པོ་སྒྲུབ་པ་པོ་དཀོན་མཆོག་གསུམ་ལ་དང་བས། བྱང་ཆུབ་ཏུ་སེམས་བསྐྱེད་ལ། བླ་མ་དང་དཀོན་མཆོག་གསུམ་ལ་མཆོད་པར་བྱའོ། །དེ་ནས་སྟོང་པ་ཉིད་དུ་བསམས་ལ། པདྨ་དང་། ཉི་མའི་སྟེང་དུ་ཧཱུཾ་ལས་

  2. 79b

    ཡང་དག་པར་བྱུང་བའི་རྡོ་རྗེ་གཏུམ་པོ་སྐུ་མདོག་ནག་པོ། ཞལ་གཅིག་པ། ཕྱག་གཉིས་པ། ཕྱག་གཡས་པས་གནམ་ལྕགས་ཀྱི་རྡོ་རྗེ་ཞུན་མ་བསྣམས་པ། གཡོན་པས་ཐུགས་ཀར་སྡིགས་མཛུབ་མཛད་པ། ཞབས་གཡོན་བརྐྱང་བ། གཡས་བསྐུམ་པ། སྤྱན་གསུམ་ མེའི་མདོག་འདྲ་བ། སྦྲུལ་གྱིས་བརྒྱན་པ། སྐྲ་ཁམ་པ་གྱེན་དུ་འབར་བ། བསྐལ་པའི་མེའི་ནང་ན་བཞུགས་པ། སྐུ་ལས་ཁྲོ་ཆུང་དང་ཁྱུང་མང་པོ་འཕྲོ་བ་ཅིག་གསལ་བར་བསྐྱེད་ལ། སྙིང་གར་ཧཱུཾ་ལ་སྔགས་འདིས་བསྐོར་ལ་བཟླས་སོ། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། སྐྱོ་ན་ སྔགས་ཧཱུཾ་ལ་བསྡུའོ། །དེ་ནས་གདོན་གཞོམ་པར་འདོད་ན། རྡོ་རྗེ་དེ་ཁྱུང་ནག་པོ་ཕྱག་གཉིས་ཀྱིས་སྦྲུལ་མགོ་ནས་ཟ་བ། གཤོག་པ་གདེངས་པ་མཆུ་སྡེར་རྡོ་རྗེ་འབར་བར་བསམ། གཡོན་པའི་སྡིགས་མཛུབ་ཐུར་དུ་བསྡམས་པ་ལས་མེ་འབར་བར་བསམས་ལ། སྔགས་ འདི་བཟླས་པར་བྱའོ། །ཧཱུཾ་ཕཊ་ཥ་ཎ་རོ་མ་ཧཱ་ཙཎྜ་བཛྲ་ག་རུ་ཎ་དེ་བ་ཐེན་ཕྱུང་། ས་ག་ནཱ་ག་སྙིང་ལ་གཟིར། ཐུམ་རིལ་རྦད་དྲག་པོ་གསུམ་དང་ལྡན་པར་བཟླས་སོ། །དེ་ནས་གདོན་གསད་པར་འདོད་ན། རང་གི་རྨི་ལམ་དུ་ཅི་བྱུང་བ་ཐམས་ཅད་བསྲེག་ཅིང་སྔགས་འདི་བཟླས་སོ། ། ཨོཾ་ནཱ་ག་ཙཎྜ་ཚལ་པ་ཨུརྟ་ཀེ །ནཱ་ག་ཙིཏྟ་ཤཀྟི་ཚལ་པ་ནཾ། ནཱ་ག་ཏྲི་ས་ཡ་ཏི། བིགྷྣཾ་ཏ། ནཱ་ག་ཀྲོ་དྷ་བི་ད་རཱ་ཛ་ཡ། ཤི་ཤི། ནན་ནན། དུལ་དུལ་རྦུད་རྦུད་ཐུམ་རིལ་ཛཿཛཿ། ལན་གསུམ་གྱིས་ཐུབ་པར་འགྱུར་རོ། །ཐ་མ་མནན་པར་བྱའོ། །གཏུམ་ཆུང་ཁྲ་ཐོགས་མའི་སྒྲུབ་ཐབས་ རྒྱལ་པོ་ཟླ་བའི་སྙིང་པོས་མཛད་པ་རྫོགས་སོ།། །།ལོ་ཙཱ་བ་སྒེག་པའི་དཔལ་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ག་རུ་ཌ་སཱ་དྷ་ན། བོད་སྐད་དུ། རྡོ་རྗེ་ཁྱུང་གི་སྒྲུབ་ཐབས། རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་ སྐྱབས་སུ་འགྲོ་བ་བྱས་ལ། རང་ཉིད་རྡོ་རྗེ་ཁྱུང་ཁ་དོག་ནག་པོ་ལག་པ་གཉིས་ཀྱིས་སྦྲུལ་ཟ་བ། གཤོག་པ་དང་སྒྲོ་ལ་སོགས་པ་གནམ་ལྕགས་ཀྱི་རལ་གྲི་མེ་འབར་བ། མིག་ཁྲོ་ཆུ་ཁོལ་བ་ལྟ་བུ། སྐུ་ཆེ་བ་ཅིག་ཏུ་བསམས་ཏེ། ཨོཾ་བཛྲ་ག་རུ་ཌ་ཙཎྜ་མ་ཧཱ་ནཱ་ག་མཱ་ར་ཡ་སོད་སོད།

Colophon

gtum chung khra thogs ma'i sgrub thabs rgyal po zla ba'i snying pos mdzad pa rdzogs so// //lo tsA ba sgeg pa'i dpal gyis bsgyur ba'o//