D961MW4CZ5369_0961gzungsAll versions of this work

'phags pa mi rgod rnam par 'joms pa zhes bya ba'i gzungs

Āryacaurabidhvansananāmadhāraṇī

Text

ff. 56b–57a · 2 folio sides

  1. 56b

    མཛའ་བ་ཐམས་ཅད་སོ་སོར་རེངས་པར་བྱེད་པ། ཚེ་སྐྱོང་བ་སྲོག་སྐྱོང་བའི་ཕྱིར་བཟློག་པ་འདི་བརྗོད་པར་བྱའོ། །ཏདྱ་ཐཱ། ཨ་བ་ལོ་ཀི་ཏེ། ཨ་བ་ལོ་ཀི་ཏ། སྃ་བྷ་བེ། དྷ་ར་དྷ་ར་དྷ་ར། བར་བར་བ་ར། ཀཱ་ལེ་ཀཱ་ལེ་ཀཱ་ལེ། མ་ཧཱ་ཀཱ་ལ། ཨ་བ་ལོ་ཀི་ཏ། བྲ་སཱ་དཱ་ནེ། དྷ་མེ་དྷ་མེ་དྷ་མེ། དྷ་མ་ནེ། ས་མཱ་ཧི་ཏེ། བདག་ལ་བསྲུང་དུ་གསོལ་བསྲུང་དུ་གསོལ། འཇིགས་ཤིང་སྐྲག་པ་ཐམས་ཅད་ལས་བསྲུང་བར་མཛད་དུ་གསོལ། ཡོངས་སུ་བསྐྱབ་ཏུ་གསོལ། ཡོངས་སུ་གཟུང་དུ་གསོལ། ཡོངས་སུ་བསྐྱང་དུ་གསོལ། ཞི་བ་དང་བདེ་ལེགས་སུ་འགྱུར་བར་མཛད་དུ་གསོལ། ཆད་པ་སྤོང་བར་མཛད་དུ་གསོལ། མཚོན་ཆ་སྤོང་བར་མཛད་དུ་གསོལ། མཚམས་གཅད་པར་མཛད་དུ་གསོལ། ས་བཅིང་བར་མཛད་དུ་གསོལ། ཀུ་རུ་ཀུ་རུ་པྃ་མ་ཀྵི། བི་དྷི་བི་དྷི་བི་དྷི། མཱརྒ་སྃ་པྲ་སྭ་ཏེ། ཨ་མྲྀ་ཏ་ཏེ་ཛ་བ་ཏི། གནོད་པ་ཐམས་ཅད་ལས་བདག་ལ་རྟག་པར་བསྲུང་ དུ་གསོལ་བསྲུང་དུ་གསོལ། མུ་ལུ་མུ་ལུ་མུ་ལུ། ཁུ་ཁུ་མེ། གྷོ་རི་གྷོ་རི། བ་ལེ་བ་ལེ། ཏ་ར་ཏ་ར་ཏ་ར། མུ་ཡ་མུ་ཡ། མུཉྩ་ནི། ཁ་ཁ་རེ། དྷུ་ཧཱུྃ་ནི་དྷུ་ཧཱུྃ་ནི། བདག་འཐབ་པ་དང་། འཐབ་མོ་དང་རྩོད་པ་དང་། འགྱེད་པ་ཐམས་ཅད་ལས་བསྲུང་དུ་གསོལ་བསྲུང་དུ་གསོལ། ཛ་ཡྃ་ཀུ་རུ་ཀུ་རུ། ཕུ་རུ་ཕུ་རུ་སྭཱ་ཧཱ། ཨ་མ་ལེ་སྭཱ་ཧཱ། ཨ་མྲྀ་ཏེ་སྭཱ་ཧཱ། འཕགས་པ་ཕྱིར་ཟློག་པ་སྟོབས་ཅན་ཞེས་བྱ་བའི་གཟུངས་རྫོགས་སྷོ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་ཙཽ་ར་བི་དྷྭནྶ་ན་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་མི་ རྒོད་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཞམ་རིང་བ་ཚེ་དང་ལྡན་པ་ཀུན་དགའ་བོ་དང་ཐབས་ཅིག་ཏུ་ལུས་འཕགས་རི་ལས་གཤེགས་ པའི་ཚེ། ཚེ་དང་ལྡན་པ་ཀུན་དགའ་བོས་མི་རྒོད་ཕལ་པོ་ཆེ་ཞིག་རྒྱང་རིང་མོ་ནས་མཐོང་ངོ་། །མཐོང་ནས་ཀྱང་སྐྲག་སྟེ་སྤུ་ཟིང་ཞེས་བྱེད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མི་རྒོད་དག་ཅིག་གོ། །བདེ་བར་གཤེགས་པ་མི་རྒོད་དག་ཅིག་

  2. 57a

    གོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་མི་རྒོད་རྣམས་ཀྱིས་འཇིགས་སམ། གསོལ་པ། བཅོམ་ལྡན་འདས་འཇིགས་ལགས་སོ། །བདེ་བར་གཤེགས་པ་འཇིགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་ བོ་ཁྱོད་མི་རྒོད་རྣམས་ཀྱིས་མ་འཇིགས་ཤིག །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་གཏི་མུག་ཆེན་པོའི་ཚོགས་རབ་ཏུ་འཇོམས་པ་འདི་བཀའ་སྩལ་ཏོ། །ཏདྱ་ཐཱ། ཨ་ནུ་ལོ་མེ། པྲ་ཏི་ལོ་མེ། ཨ་ནུ་ལོ་མ། པྲ་ཏི་ལོ་མ། ཨ་ཏྃ་ཀེ། པྲ་ཏཾ་ཀེ། པྃ་ཀེ། ཨ་ཏི་པྃ་ཀེ། གཽ་རི། གནྡྷ་རི། ཙཎྜ་ལི། མ་ཏྃ་གི། པཱུཀྐ་སི། རི་མི་རི་མི། རིདྡྷི་མ་ཙེ་བཥྚི་ཏི་ཙཽ་ར་པྲ་དནྷུ། བིསྠ་ཧནྟུ། བྷ་མནྟུ། མཱ་མི་ཡནྟུ་ཡ་བདྒྲནྠི་ན་མུཉྩ་མི་སྭཱ་ཧཱ། ཀུན་དགའ་བོ་ངས་དཔག་ཚད་བཅུ་ཚུན་ཆད་ཀུན་དུ་བསྲུང་བ་དང་། མི་རྒོད་ཐམས་ཅད་དང་། རི་གསེབ་ཀྱི་གྲོང་མི་ཐམས་ཅད་དང་། གསབ་ལམ་སྲུང་བ་ཐམས་ཅད་དང་། གནོད་པར་སེམས་པ་ཐམས་ཅད་ཀྱི་རྐང་པ་བཅིང་བར་བྱས་སོ། །རྨུགས་པར་བྱས་སོ། །རེངས་པར་བྱས་སོ། །ཇི་ལྟར་རྫ་མཁན་གྱི་འཁོར་ལོ་བསྐོར་བའམ། ཇི་ལྟར་རྫ་མཁན་གྱི་འཁོར་ལོ་ཡོངས་སུ་བསྐོར་བ་ལྟར་མི་རྒོད་རྣམས་འདར་ བར་གྱུར་ཅིག །རེངས་པར་གྱུར་ཅིག །མགོ་རྨོངས་པར་གྱུར་ཅིག །མདུད་པ་མ་གྲོལ་བའི་བར་དུ་འཆི་བར་མ་གྱུར་ཅིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་ དོ།། །།ཆོ་ག་ནི་ཤིང་ཀུན་དང་། བོང་བུའི་སྤུ་བསྲེས་ཏེ། བུ་མོ་གཙང་མས་བཀལ་བའི་སྲད་བུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱའོ། །ཡང་ན་གོས་ཀྱི་མཐའ་མ་ལ་མདུད་པ་བོར་ཏེ། བདེ་བར་ཕྱིན་ནས་དགྲོལ་བར་བྱའོ། །འདི་ནི་གྲུབ་པའོ། །འཕགས་པ་མི་རྒོད་ རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། ༄༅། །བཅོམ་ལྡན་འདས་གཙུག་ཏོར་འབར་བ་ལ་ཕྱག་འཚལ་ལོ། །ན་མཿས་མནྟ་བུདྡྷཱ་ནཱྃ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱྃ། ཨོྃ་ག་ག་བཱ་ཧི་ཁཱ་ཧི། ཧཱུྃ་ཧཱུྃ། ཛྭ་ལ་ཛྭ་ལ། བྲ་ཛྭ་ལ་པྲ་ཛྭ་ལ། ཏིཥྛ་ཏིཥྛ།

Colophon

'phags pa mi rgod rnam par 'joms pa zhes bya ba'i gzungs rdzogs s+ho/