D794MW4CZ5369_0794rgyudAll versions of this work

las grub pa'i gzungs

Text

ff. 115b–116a · 2 folio sides

  1. 115b

    དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཨོཾ་བྷ་ག་བ་ཏི་ཤྲུ་ཏི་སྨྲྀ་ཏི། བ་ལ་བ་ལ་པ་ར་མ་སིད་དྷེ་སྭཱ་ཧཱ། ཆོ་ག་ནི་ཞག་བདུན་གྱི་བར་དུ་ནང་རེ་ཞིང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་ཆུ་ཁྱོར་གང་ལ་ལན་བདུན་སྔགས་ ཀྱིས་བཏབ་སྟེ་འཐུངས་ན། ཉིན་གཅིག་ཀྱང་ཡི་གེ་ཤ་ལོ་ཀ་སུམ་བརྒྱ་ལོ་བས་སོ། །ཟླ་བ་གཅིག་གི་བར་དུ་བྱས་ན་མིའམ་ཅི་དང་འདྲ་བར་མགྲིན་བསྙན་པར་འགྱུར་ཏེ་ཐེ་ཚོམ་ཟ་བར་མི་བྱའོ། །མགྲིན་པ་སྙན་པའི་གཟུངས་རྫོགས་སོ།། །། ༄༅། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེས་གྲངས་དང་། རྒྱུ་སྐར་དང་། ཡུད་ཙམ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ན་ཀྵ་ ཏྲེ། སརྦ་ཏི་ཐཱི་མཱུ་རྟེ། ན་ཤ་ཏྲ་ནི། མེ་ས་མི་ཏ་དྷ་ནི། བྷ་བནྟུ་སྭཱ་ཧཱ། དེའི་ཆོ་ག་ནི་ཕྱོགས་གང་དུ་འགྲོ་འདོད་ཀྱང་རུང་སྟེ། དེས་ལན་བདུན་བརྗོད་ནས་སོང་ན་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །དོན་ཐམས་ཅད་འགྲུབ་པའི་གཟུངས་རྫོགས་ སོ།། ༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ན་མོ་ཧ་རི་དྷི་ཡེ། ཧ་རི་རྷི་ཀུ་མཱ་རི། གཽ་རི། གན་དྷཱ་རི། ཙཎྜ་ལི། མ་ཏཾ་གི། ཀ་ལི་ཀི་ལི། ཆེ་གེ་མོ་ཞིག་གི་མོ་ཧེ་ཧི། ཁར་ཁར། པ་ཙ་པ་ཙ། ཨ་པ་དྷ་ཡ། མཱུ་ར་ཙཱ་ཡ། ཆེ་གེ་མོ་ཞིག་གི་མ་ཤ་མ་ནཱ་ཡ་སྭཱ་ཧཱ། ཨོཾ་བྷུ་ར་བྷུ་བཱ། ཛྭ་ལ་ཛྭ་ལ་ཛྭ་ལི་མ་ནཱ་ནི། དེ་ བི་སརྦ་སཾ་སྐ་ར་ཀ་རི་ཎི་ཛ། ཏ་ལེ་ཏ་ལེ། ཛྭ་ལ་ཛྭ་ལ་སྭཱ་ཧཱ། འདིའི་ཆོ་ག་ནི་བཀླགས་པ་ཙམ་གྱིས་མ་བསྒྲུབས་པར་ལས་ཐམས་ཅད་འགྲུབ་པར་འགྱུར་ཏེ། ཀླད་ནད་དང་། རིམས་ལྡང་དུ་བ་ཅན་དང་། རོ་ལངས་དང་། གདོན་རྣམས་ཕམ་པར་འགྱུར་

  2. 116a

    རོ། དྲན་པ་ཙམ་གྱིས་དེ་དག་ཐམས་ཅད་ཀྱིས་བཏང་བར་འགྱུར་རོ། །བཀྲེས་ན་གྲོང་དུ་སོང་སྟེ་ལན་བདུན་བཟླས་བརྗོད་བྱས་ཏེ་གདོང་ལ་བྱུགས་ན་ཟས་རྙེད་པར་འགྱུར་རོ། །ལྕེ་ལ་བཟླས་བརྗོད་བྱས་ན་ཤགས་འགྱེད་པའི་ཚེ་ལན་ ཐེབས་པར་འགྱུར་རོ། །ལོ་མའམ། མེ་ཏོག་གམ། འབྲས་བུ་ལ་བསྔགས་ནས་སུ་ལ་བྱིན་པ་དེ་དགའ་བར་འགྱུར་རོ། །ལས་གྲུབ་པའི་གཟུངས་རྫོགས་སོ།། ༄༅། །དུག་ཞི་བར་བྱེད་ པ་ཞེས་བྱ་བ། བདུད་རྩི་སྨན་གྱི་ལྷ་མོ་ནོར་གྱི་རྒྱུན་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་སུ་རུ་སུ་རུ་ཀ། བ་ར་བ་ར་ཀེ། བི་རི་ཧི་རི། ཤུད་དྷེ་བི་ཤུད་དྷེ་སྭཱ་ཧཱ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བདེན་པ་དང་། གཟི་བརྗིད་ཀྱིས་ཀླུའི་དུག་དང་། སྦྲུལ་གྱི་ དུག་དང་། སྦྱར་བའི་དུག་དང་། བརླངས་ཀྱི་དུག་དང་། རྩ་བའི་དུག་དང་། གཅན་གཟན་མཆེ་བའི་དུག་བཅོམ་མོ། །དུག་ངེས་པར་བཅོམ་མོ་ཞེས་བརྗོད་པར་བྱའོ། །དུག་ཐམས་ཅད་ཞི་བར་བྱེད་པའི་གཟུངས་རྫོགས་སོ།། ༄༅། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཏཱ་རེ་ཏཱ་རེ་ཏཱ་རཱ་ཡ། བྷ་ག་བ་ཏེ། བནྡྷ་མོ་ཙ་ནི་ཧྭཱ་ཧཱ། འཕགས་པའི་སྔགས་དེ་བཟླས་བརྗོད་བྱས་ན། །བཅིངས་པ་ལས་གྲོལ་པར་བྱེད་དོ། །བཅིངས་པ་ལས་གྲོལ་པའི་གཟུངས་ རྫོགས་སོ།། ༄༅། །འཕགས་པ་བདུད་ཐམས་ཅད་སྐྲག་པར་བྱེད་པ་ཞེས་བྱ་བ། བཅོམ་ལྡན་འདས་ཤཱཀྱ་ཐུབ་བ་ལ་ཕྱག་འཚལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཎི་ཤ་ཏ་ད་པྟི། ཛྭ་ལ་ཛྭ་ལ། དྷ་རྨ་དྷཱ་ཏུ་ག་རྦྷེ། མ་ཎི་མ་ཎི་མ་ཧཱ་མ་ཎི། ཧྲྀ་ད་ཡ་མ་ཎི་སྭཱ་ཧཱ། སྔགས་འདི་བརྗོད་པས་དཀར་པོའི་ཕྱོགས་ཀྱི་ལྷ་རྣམས་དགའ་ཞིང་བསྲུང་ངོ་། །ནག་པོའི་བདུད་ཐམས་ཅད་དངང་ཞིང་བརྒྱལ་ལོ། །དྲེགས་པ་མ་རུངས་པ་རྣམས་སྐྲག་པ་དང་

Colophon

las grub pa'i gzungs rdzogs so/