D2193MW23703_2193rgyud 'grelAll versions of this work

dpal phyag na rdo rje sgrub pa'i thabs zhes bya ba

Śrībajrapāṇisādhananāma

Text

ff. 75b–76a · 2 folio sides

  1. 75b

    ཧ་ས་ཧ་ས། ཏེ་པ་ཏེ་པ། ཏྲི་ཏ་ཧ་ཏྲི་ཏ་ཧ། ཏྲི་ཁུག་ཏྲི་ཁུག །ཚལ་པ་ཚལ་པ། སྲོག་ཚིག་ནན་རྦད། ལུས་རྡུལ་མཱ་ར་ཡ་རྦད། རཾ་རཾ་ཛ་ལ་ཛ་ལ། ཤིག་ཤིག་རྡུལ་བུན་རྦད་སོད། ནཱ་ག་སརྦ་ག་རུ་ཌ་ཁཱ་ཧི། སྤྱི་དྲིལ་བའི་སྔགས་སོ། །ཨོཾ་ན་མོ་བུདྡྷཱ་ཡ། ཀཱི་ལི་མི་ལི་ཙནྟ་ནཱ་ག་བནྡྷ་ཡ་སྭཱ་ཧཱ། ཕུར་པའི་སྔགས་སོ། །ར་ལི་ཧུར་ཧུར་ཐུམ་བྷྱོ་དྷ་ཤ་ཧུར་ཐུམ་བྷྱོ། མ་མ་ཤི་བྷྱོ། སརྦ་ག་རུ་སེར་བ་ལ་བྷྱོ། སེར་བ་བཟློག་པའི་སྔགས་སོ། །ཨོཾ་བེ་ར་བེ་ར་བཛྲ་དྷ་རི་ཡེ་སྭཱ་ཧཱ། རིམས་ནད་བསྲུང་བའི་སྔགས་སོ། །ཧཱུཾ་དི་རི་དི་རི་ག་རུ་ཌ་བྷྱོ་ཧཱུཾ་ཧཱུཾ་ཛཿཛཿ། ཨེ་ཨ་རི་ལི་ཧྲི་བྷྱོ། འཁོར་ གྱི་ཀླུ་ཞི་བར་བྱེད་པའི་སྔགས་སོ། །ཧཱུཾ་ཛུ་ཏི་ཏིང་ཏིང་ཏེག་ཏེག་ཧོ་ཧོ། ཧཱུཾ་སྟོ་བྷྱོ། གཏད་འདོན་པའི་སྔགས་སོ། །ཏྲི་ནཾ་མཱ་ར་ཡ་ཧཱུཾ་ཕཊ། འབྱུང་པོ་སྐྲོད་པའི་སྔགས་སོ། །བདག་གིས་སྒྲུབ་ཐབས་འདི་བརྩམས་པས། །བདག་དང་མཐའ་ཡས་སེམས་ཅན་རྣམས། །འདི་ལ་བརྟེན་ པའི་རྣལ་འབྱོར་རྣམས། །ཕྱག་རྒྱ་ཆེན་པོ་ཐོབ་པར་ཤོག །རྡོ་རྗེ་སྐོར་གྱི་ནང་སྒྲུབ་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ། ཕྱག་ན་རྡོ་རྗེ་ཞལ་མངོན་སུམ་དུ་གཟིགས་པ་སློབ་དཔོན་ལས་ཀྱི་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཝ་ལ་ཙནྟྲ་དང་། ལོ་ཙཱ་བ་གླན་ཆུང་དར་མ་ཚུལ་ཁྲིམས་ གྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་པཱ་ཎི་སཱ་དྷ་ན་ནཱ་མ། བོད་སྐད་དུ། དཔལ་ཕྱག་ན་རྡོ་རྗེ་སྒྲུབ་པའི་ཐབས་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ། །གསང་བའི་བདག་པོ་བསྒྲུབ་པར་འདོད་པས། ། དང་པོར་ཆོས་ཐམས་ཅད་སྟོང་པར་བསམ། དེ་ནས་སྙིང་རྗེ་ཆེན་པོ་བསྐྱེད། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར། དེའི་དཀྱིལ་དུ་ཧཱུཾ་མཐིང་ནག་འབར་བ་བསམ། ཧཱུཾ་གི་འཕྲོ་འདུ་ལས་རྡོ་རྗེ་མཐིང་ནག་འབར་བ་ཧཱུཾ་གིས་མཚན་པ་བསམ། ཨོཾ་བཛྲ་པཱ་ཎི་ཧཱུཾ་ཕཊ། ཅེས་བརྗོད་པས། དེ་ དག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་གཏུམ་པོ་ཤིན་ཏུ་ཁྲོས་པ། འཇིགས་སུ་རུང་བ། སྐུ་མདོག་མཐིང་ནག །སྤྱན་གསུམ་པ། འཇིགས་སུ་རུང་བ་སྦྲུལ་དང་རྒྱན་གྱིས་བརྒྱན་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཕྱག་གཡས་རྡོ་རྗེ་རྒྱ་གྲམ་གྱི་ཐོ་བ་འཕྱར་བ། གཡོན་མི་རུས་ཀྱི་ཕུར་པ་འདྲིལ་

  2. 76a

    བ་ཅིག་ཏུ་བསམས་ལ། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿཞེས་གོ་བགོའོ། །དེ་ནས་ཡེ་ཤེས་སེམས་དཔའ་མདུན་དུ་བསམ། བདུན་རྣམ་དག་བྱ། ཛཿཧཱུཾ་བཾ་ཧོཿས་རང་ལ་བསྟིམ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། སུམ་འབུམ་ཉི་ཤུ་རྩ་གཅིག་ཏུ་བཟླས་སོ། ། སྔགས་ཀྱི་རྒྱལ་པོ་འདི་ཅུང་ཟད་བཟླས་པས་སྡིག་པ་ཐམས་ཅད་སྲེག་པར་བྱེད་དོ། །ཐམས་ཅད་སྲུང་བར་བྱེད་དོ། །གནོད་པའི་ལོག་འདྲེན་ཐམས་ཅད་མེད་པར་བྱེད་དོ། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། བ་ལིཾ་ཨི་དཾ་གྲྀཧྞ་གྲྀཧྞ། ཁཱ་ཧི་ཁཱ་ཧི། བྷུཉྫ་ཧོཿརཀྟ་པི་པ་ཏོ། ས་མ་ཡེ་སྭཱ་ཧཱ། དེ་བསྙེན་པ་བྱེད་པའི་དུས་སུ་རྒྱུན་དུ་གཏོར་མ་གཏོང་བའི་སྔགས་སོ། །དེ་ནས་དྲག་པོའི་ལས་བྱ་བར་འདོད་པས། དང་པོར་དཀྱིལ་འཁོར་ཇི་ཙམ་དྲན་པ་ཅིག་བྱ། རྡོ་རྗེ་རྒྱ་གྲམ་བྲི། ར་ཀུན་ནག་པོར་བྱ། རེ་ཁཱ་ཚིལ་དང་ཐལ་ཆེན་བསྲེས་པས་བྲི། དེའི་དབུས་སུ་ཨེ་གྲུ་གསུམ་ ཟབས་སུ་མཛུབ་གང་བ་ཅིག་བྲུས་ལ། ནང་རོ་བསྲེགས་པའི་ཐལ་བས་བྱུག །གྲུ་གསུམ་དེའི་ཕྱི་རོལ་དམར་པོར་བྱ། དེ་ནི་དཀྱིལ་འཁོར་བྱ་བའི་ཐབས་སོ། །དེ་ནས་ལིངྒ་བཅའ་བའི་ཐབས་ནི། སྤྲ་ཚིལ་ལས་ལིངྒ་སོར་བཞི་པ་བྱས་ལ་དེའི་སྙིང་གར་ཤོག་བུ་ལ་དམར་ཆེན་གྱིས་རྡོ་རྗེ་རྒྱ་ གྲམ་བྲིས་ལ། བསྒྲུབ་བྱ་རང་གི་རྟེན་དང་བྲལ་བར་བསམ། གྲུ་གསུམ་དེའི་དབུས་སུ་མིང་བྲིས་ལ་གཞུག །དེ་ནས་གྲུ་གསུམ་ནང་དུ་བཅུག་ལ། སྐེ་ནས་སྐུད་པ་སྔོན་དམར་གྱིས་བཏགས་ལ། དེའི་སྣ་ལ་མིའི་རྗེ་ངར་གྱི་ཕུར་པ་སོར་བཞི་པ་ཅིག་བཏགས་ལ། འཇིགས་བྱེད་ ཆེན་པོར་མངའ་གསོལ་ཏེ། སྔགས་ནམ་ཕྱེད་དམ་ཉི་མ་ཕྱེད་ན་བརྡེག་གོ། །ཕྱི་རོལ་དུ་འགྲོ་བ་ལ་སོགས་པ་བྱེད་ན་ལིངྒ་ལས་ཕུར་པ་མི་དབྱུང་བར་བཏབ་ལ་གཞག་གོ། །མཎྜལ་དབུས་སུ་ལྷའི་གདན་དུ་བྱས་ལ། སུམ་འབུམ་དུ་བཟླས་ལ་གདབ། དེའི་དུས་སུ་གཏོར་མ་དང་ མཆོད་པ་དུས་དྲུག་ཏུ་དབུལ་ལོ། །དེ་འདེབས་ཙ་ན་རང་ཉིད་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོ་ནག །ཞལ་གཅིག་པ་ཕྱག་གཉིས་པ། སྤྱན་གསུམ་པ། སྦྲུལ་གྱིས་བརྒྱན་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། བསྒྲུབ་བྱའི་སྟེང་ན་འདུག་པ། ཕྱག་ན་ཕུར་བུ་དང་སྡིགས་མཛུབ་མཛད་པ་ཅིག་ཏུ་

Colophon

slob dpon las kyi rdo rjes mdzad pa'i gsang ba thugs kyi phur gcig ma'o//