D802MW4CZ5369_0802rgyudAll versions of this work

k+Sha ya'i nad sel ba'i gzungs

Text

ff. 116b–117a · 2 folio sides

  1. 116b

    བརྒྱལ་ལོ། །བདུད་སྐྲག་པར་བྱེད་པའི་གཟུངས་རྫོགས་སོ།། ༄༅། །རྨ་འབྱོར་བར་བྱེད་པ་ཞེས་བྱ་བའི་གཟུངས་སྔགས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ཨོཾ་ཨུ་བས་ཨུ་བས། །སུམ་སུམ་ སརྦ་ནན་རྦད་སྭཱ་ཧཱ། ཧཱུྃ་ཕཊ། ཤ་མ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ལན་གསུམ་བརྗོད་དེ་རྨ་ལ་མཆིལ་མ་བྱུགས་ན་རྡོས་ཕོག་པ་དང་། མཚོན་བརྒྱབ་པ་དང་། རྩ་ཆད་པ་དང་། ཀླད་པ་ཆད་པ་རྣམས་སོས་པར་བྱེད་དོ། །རྨ་འབྱོར་བར་བྱེད་པའི་གཟུངས་ སྔགས་རྫོགས་སོ།། ༄༅། །མེའི་ཟུག་རྔུ་རབ་ཏུ་ཞི་བར་བྱེད་པའི་གཟུངས། །བསིལ་མཛད་ཆུ་ཡི་ལྷ་ལ་ཕྱག་འཚལ་ལོ། །ཨོཾ་བྷྲ་མ་ཎི་བྷ་མ་ཎི། །ཛྷ་རི་བྷྲ་མ་ཎི་སྭཱ་ཧཱ། ཞེས་ལན་ བཅུ་གཅིག་བརྗོད་དེ་མཆིལ་མ་བྱུགས་ན་མེས་ཚིག་པའི་ཟུག་རྔུ་ཞིའོ། །མེའི་ཟུག་རྔུ་རབ་ཏུ་ཞི་བར་བྱེད་པའི་གཟུངས་རྫོགས་སོ།། ༄༅།།མཁྲིས་པའི་ནད་སེལ་བའི་སྔགས། །དཀོན་མཆོག་ གསུམ་ལ་ཕྱག་འཚལ་ལོ། །ན་མོ་ཧེ་ཏུ་ཧེ་གེ་སྭཱ་ཧཱ། བསིལ་ཡབ་ཀྱིས་ལུས་ལ་གཡབས་ན་མཁྲིས་པའི་ནད་དང་། མིག་སེར་དང་། གཡའ་བའི་ནད་སོལ་བར་བྱེད་དོ། །མཁྲིས་པའི་ནད་སེལ་བར་བྱེད་པའི་གཟུངས་རྫོགས་སོ།། །། ༄༅། །བད་ཀན་གྱི་ནད་སེལ་བའི་གཟུངས་སྔགས། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཨོཾ་ཤཱནྟི་ཤཱནྟི། བྷི་ཏི་ཤཱནྟི། སརྦ་བི་ཏི་མུ་ལ་མྱ་ག་ས་སྭཱ་ཧཱ། ཟས་མ་ཞུ་བ་དང་། །སྤོས་པ་དང་། སྐྲན་ནད་དང་། ཆུད་པ་ ཁྲག་སྐྱུགས་པ་དང་། བད་ཀན་གྱི་ཟུག་གཟེར་རབ་ཏུ་སེལ་ལོ། །བད་ཀན་གྱི་ནད་སེལ་བའི་གཟུངས་རྫོགས་སོ།། ༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཀྵ་ཡའི་ནད་སེལ་བའི་སྔགས། ན་མོ་ཧེ་ཏུ་ཧེ་ཀེ་སྭཱ་ཧཱ།

  2. 117a

    ལུས་ལ་ནད་བྱུང་ན་ནད་ཁོང་སྐེམས་ཀྱིས་བཏབ་ན་བསིལ་ཡབ་ཆུས་གཏོར་ཏེ། ལན་དྲུག་ཅུ་རྩ་གཅིག་སྔགས་ནས་དེའི་ལུས་ལ་གཡབས་ན་ནད་མེད་པར་འགྱུར་རོ། །ཀྵ་ཡའི་ནད་སེལ་བའི་གཟུངས་རྫོགས་སོ།། ༄༅། །འཕགས་པ་རིམས་དང་སྲོག་ཆགས་ཀྱིས་མི་ཚུགས་བ་ཞེས་བྱ་བའི་གཟུངས། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཨོྃ་ཛ་ཛ་རེ། །བརྞ་ཤ་པ་རི་སྭཱ་ཧཱ། ན་མཿསིང་ཧ་བྱཱ་གྷྲ། རུཀྵ་ཏ་ར་ཀྵུ། ཁ་ཐི་ན་དྲཱ་མེ་ཁ་མེ་ཁ། ཙཊྚི་ཏི་བ་ ཏ་ཡེ། རོ་ག་ནི་དཱི་པ་ས་ཏ་ཡེ་སྭཱ་ཧཱ། དྲིལ་བུ་ལ་ལན་བདུན་སྔགས་ཏེ། །གང་གིས་ས་ཕྱོགས་སུ་དཀྲོལ་བ་དང་། བྱ་དང་། གཅན་གཟན་དང་། སྲིན་བུ་དང་། བྱི་བ་དང་། རིམས་ནད་ཐམས་ཅད་བསྲུངས་བར་འགྱུར་རོ། །རིམས་ དང་སྲོག་ཆགས་ཀྱིས་མི་ཚུགས་པའི་གཟུངས་རྫོགས་སོ།། ༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ལུས་ཀྱི་ཟག་པ་སྦྱིན་པར་གཏང་བའི་ གཟུངས། མཆིལ་མ་ལ། ཨོཾ་ཨཱཿཤླེ་ཥྨཱ་ཧ་རེ་བྷྱཿསྭཱ་ཧཱ། ལུད་པ་ལ། ཨོྃ་ཨཱཿཁྲེ་ར་ཨཱ་ཧ་རེ་བྷྱཿསྭཱ་ཧཱ། སྣབས་ལ། ཨོྃ་ཨཱཿསིཾ་གྷ་ན་ཨཱ་ཧ་རེ་བྷྱཿསྭཱ་ཏཱ། ལུས་ཀྱི་དྲི་མ་ལ། ཨོྃ་ཨཱཿམ་ལ་ཨཱ་ཧ་རེ་བྷྱཿསྭཱ་ཧཱ། དྲི་ཆེན་ལ། ཨོྃ་ཨཱཿབི་ཊ་ཨཱ་ཧ་རེ་བྷྱཿསྭཱ་ཧཱ། དྲི་ཆུ་ལ། ཨོྃ་ཨཱཿམུ་ཏྲ་ཨཱ་ཧ་རེ་བྷྱཿསྭཱ་ཧཱ། དེ་རྣམས་སོ་སོ་ལ་དེ་དག་ཟ་བ་རྣམས་ཀྱིས་ཐོབ་པར་གྱུར་ཅིག་ཅེས་བརྗོད་པར་བྱའོ། །སེ་གོལ་བརྡབ་བོ། །དེ་རྣམས་དེ་ལྟར་བྱིན་པའི་བསོད་ནམས་ཅི་བསགས་ པ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཏུ་བསྡོ་བར་བྱའོ། །འདི་དག་ནི་བླ་མ་རྡོ་རྗེ་གདན་པས་མདོ་རྒྱུད་ནས་བྱུང་སྟེ། བ་རི་ལོ་ཙྩ་བས་བསྒྱུར་བའོ།། །།

Colophon

k+Sha ya'i nad sel ba'i gzungs rdzogs so/