D992MW4CZ5369_0992gzungsAll versions of this work

'phags pa grags ldan ma'i gzungs

Āryayaśobatīdhāraṇī

Text

ff. 146b–147a · 2 folio sides

  1. 146b

    ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དབྱིག་དང་ལྡན་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། ༄༅། །རྒྱ་གར་སྐད་དུ། ཨཱརྱ་ཡ་ཤོ་བ་ཏཱི་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་གྲགས་ལྡན་མའི་གཟུངས། སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། ཏདྱ་ཐཱ། ཛྭ་རེ་མ་ཧཱ་ཛྭ་རེ། དུ་ཁེ་མུཀྟ་སུ་སཾ་པནྣེ། མ་ཧཱ་སཾ་པནྣེ། སཾ་པཏྟི། མ་ཧཱ་སཾ་པཏྟི། ཀ་སེ་མ་ཧཱ་ཀ་ སེ། ཀཙྪ་ཛྭ་ར་མུཀྟེ་སི་སྭཱ་ཧཱ། སྐུད་པའམ་ཆུ་ལ་ལན་གསུམ་སྔགས་ན་རིམས་ལས་ཐར་བར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། ཏདྱ་ཐཱ། ཙི་ལི་ཙི་ལི། མི་ལི་མི་ལི། རཀྵ་རཀྵ་མཱཾ། ཨཱརྱཱ་ བ་ལོ་ཀི་ཏེ་ཤྭ་རཱ་སྭཱ་ཧཱ། གདོན་ཐམས་ཅད་ལ་ཚོན་སྣ་ལྔའི་སྐུད་པའམ། སྐུད་པ་དམར་པོ་ལ་ལན་གསུམ་དུ་སྔགས་ཏེ་མདུད་པ་གསུམ་བོར་ལ་བཅིངས་ན་བར་དུ་གཅོད་པ་ཞི་བར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭ་ཡ། ཏདྱ་ཐཱ། ཀི་ལི་ཀི་ལི། ཙི་ལི་ཙི་ལི། ནི་གི་ལེ་སྭཱ་ཧཱ། འབྲུ་མར་ལ་ལན་གསུམ་སྔགས་ཏེ་བསྐུས་ན་སྐྲན་འཚོའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། ཏདྱ་ཐཱ། ས་རེ་ས་རེ། བི་ ས་རེ་བི་ས་རེ། ས་ར་ནཱ་ཤ་ནི་སྭཱ་ཧཱ། ཤི་བའི་རྣ་བར་ལན་གསུམ་བཟླས་ན་སོས་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱ་རྱཱ་བ་ལོ་ཀི་ཏེ་ཤྭཱ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། ཏདྱ་ཐཱ། ནི་སི་རེ་ནི་སི་རེ། ཀ་ལ་ནི་མི་རེ། ཀ་ལ་རི་ཙི་རཱི།

  2. 147a

    པ་ཙི་ལེ་སྭཱ་ཧཱ། ཝ་བ་དང་། ལྐོག་མའི་ལྷ་གོར་ན་བ་དང་། ལྕེ་ཀྱི་བ་ན་བ་དང་། གདོན་ནད་ཐམས་ཅད་ལ་འཇིམ་པ་ལ་ལན་གསུམ་དུ་སྔགས་ཏེ་བསྐུས་ན་ཕན་ནོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བཛྲ་པཱ་ཎི་དྷྱ་མ། ཨོཾ་ཨོཾ་ ཀྲཱར་པྲ་བྷ་བེ། བྷ་ག་བ་ཏི་བུདྡྷེ། བྲ་ཏི་བུདྡྷེ། ཤུདྡྷེ། ཤཱནྟི་ཀི་རི། ཧ་ན་ཧ་ན་མ་མ་པཱ་པ་མཾ། ད་ཧ་ད་ཧ། མ་མ་པཱ་པ་དཾ། པ་ཙ་པ་ཙ། མ་མ་པཱ་པ་ཀཾ། ཨོཾ་ཨོ་ཌེ། གྲ་ས་གྲ་ས། རི་ཏེ་ཌེ་རི་ཏེ་ཌེ། ཤཱིནྟཾ་ཀ་རཱི་ཡ་སྭཱ་ཧཱ། ཤུབྷ་ཀ་རཱི་ཡ་སྭཱ་ཧཱ། ཀྵེ་མ་ཀ་རཱི་ཡ་སྭཱ་ཧཱ། རིམས་ནད་ཀྱིས་བཏབ་པ་ལ་བྱབ་པ་བྱས་ན་རིམས་ནད་སོས་པར་འགྱུར་རོ། །སྨན་ལ་སྔགས་ཀྱིས་བཏབ་སྟེ་བླུད་ན་ནད་པ་སོས་པར་འགྱུར་རོ། །ཟས་ལ་སྔགས་ཀྱིས་བཏབ་སྟེ་ཟོས་ན་དུག་མི་གནོད་པར་འགྱུར་རོ། །འབྱུང་པོའི་གདོན་གྱིས་ཟིན་པ་རྣམས་ལ་བུ་མོས་བཀལ་བའི་ སྐུད་པ་ལ་ལན་ཉི་ཤུ་རྩ་གཅིག་སྔགས་ཏེ་བཅིངས་ན་ཐར་བར་འགྱུར་རོ། །འཕགས་པ་གྲགས་ལྡན་མའི་གཟུངས་རྫོགས་སོ།། ། །བཀླགས་པས་འགྲུབ་པ་བཅོམ་ལྡན་འདས་མ་འཕགས་མ་སོར་མོ་ཅན་ ཞེས་བྱ་བ་རིག་པའི་རྒྱལ་མོ། སངས་རྒྱས་ལ་ཕྱག་འཚལ་ལོ། །དེ་ལྟར་ཚེས་ལ་དགེ་སློང་རྣམས་རི་དྲི་རྒྱལ་ན་གནས་ཏེ། དེའི་ཚེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་དེ་ན་བཞུགས་ཏེ། དེས་བདག་ལ་སྨྲས་པ། བུ་སྔགས་ཀྱི་ཚིག་འདི་ཉོན་ཅིག ། ཀླུའི་དབང་པོ་རྣམས་ཀྱི་དུག་མེད་པར་བྱེད། སྦྲུལ་གྱི་དུག་མེད་བར་བྱེད་གཡོག་རྣམས་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་རྣམས་དང་། སེམས་ཅན་སྟོབས་པོ་ཆེ་རྣམས་དང་། གྲུལ་བུམ་རྣམས་དང་། སེམས་ཅན་ཕྲ་མོ་རྣམས་དང་། ཕྲ་མེན་ཕ་དང་། ཕྲ་མེན་མ་དང་། ཆུ་སྲིན་དང་། སྟག་དང་། གྲུལ་བུམ་དང་། རྭ་ཅན་དང་། མཆེ་བ་ཅན་གྱིས་དེ་ལྟར་སྔགས་ཀྱི་ཚིག་དྲག་ཤུལ་ཆེན་པོ་ཨཾ་གུ་ལི་ཡང་དག་པར་ཐོས་ན་སྔགས་ཀྱི་གཙོ་བོ་སེམས་ཅན་གདུག་པ་རབ་ཏུ་འཇིལ་བར་བྱེད་པ་

Colophon

'phags pa grags ldan ma'i gzungs rdzogs so/