D1456MW23703_1456rgyud 'grelAll versions of this work

dpal 'khor lo sdom pa'i snying po'i de kho na nyid grub pa

Śrīcakrasaṃbargarbhatattvasiddhi

Text

ff. 4b–5a · 2 folio sides

  1. 4b

    ཚངས་པར་སྩལ་དུ་གསོལ། །ད་ལྟའི་དུས་སུ་བསྟན་པ་འཇིག་དུས་སུ། །ཉོན་མོངས་ཤས་ཆེན་ཁྱེད་ཀྱིས་རབ་ཏུ་མཁྱེན། །སོ་སོར་ཐུགས་དམ་བཞིན་དུ་ཉེར་དགོངས་ལ། །ཇི་ལྟར་འཚལ་བ་བཞིན་དུ་ཕྲིན་ལས་མཛོད། །ཇི་ལྟར་བུ་ཡིས་རབ་ཏུ་མི་ཤེས་ཀྱང་། །ཕ་ཡིས་བརྩེ་བས་ལེགས་པར་སྐྱོང་བ་ ལྟར། །བདག་གིས་གཞུང་འདི་རབ་ཏུ་མ་ཤེས་ཀྱང་། །ཐུགས་རྗེ་ཆེན་པོས་ཡོངས་སུ་གཟུང་དུ་གསོལ། །དཔལ་འཁོར་ལོ་བདེ་མཆོག་གི་རྒྱུན་བཤགས་བསྡུས་པ། དཔལ་ཨཽ་ཌྱན་ལྷ་མོའི་གནས་པ་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ ཙཀྲ་སཾ་བ་ར་གརྦྷ་ཏཏྟྭ་སིདྡྷི། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་སྙིང་པོའི་དེ་ཁོ་ན་ཉིད་གྲུབ་པ། དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །གང་དུ་ཐབས་དང་ཤེས་རབ་མཉམ་སྦྱོར་བས། །ཀུན་རྫོབ་དོན་དམ་དབྱེར་མེད་རང་བཞིན་ཅན། །བདེ་དང་སྟོང་པ་འདུས་པའི་རོས་ གང་བའི། །གཉུག་མའི་ཡེ་ཤེས་དེ་ལ་བདག་ཕྱག་འཚལ། །གང་ཞིག་གོམས་པར་གྱུར་པས་སྲིད་པ་ཡི། །བཙོན་རར་དཀྲིས་པའི་འཆིང་བ་ཀུན་གཅོད་པ། །སེམས་ཀྱི་དམ་པ་རང་རིག་རིན་ཆེན་མཆོག །གང་ལ་བརྟེན་ནས་རྟོགས་པའི་ཐབས་བཤད་བྱ། །དྲུག་དང་བརྒྱད་གཉིས་བཅུ་ ཕྲག་གཉིས་དང་ལྔ། །བཞིན་རྒྱས་མིག་ཡངས་གཟུགས་མཛེས་ལང་ཚོ་ལྡན། །དད་དང་ཐོས་དང་སྙིང་རྗེས་ཡིད་བརྒྱན་མ། །སྐྱབས་སོང་སེམས་བསྐྱེད་ཡང་དག་དབང་བསྐུར་བ། །ཉེས་བྲལ་དབེན་པར་གཡེང་བ་ཀུན་སྤངས་ཏེ། །ཁམས་དང་རྗེས་མཐུན་བཟའ་དང་བཏུང་བ་དང་། །དྲི་ ཞིམ་ཡིད་འོང་རྒྱན་མཛེས་སྤྱོད་དགུ་ལྡན། །གང་དང་ཐ་མལ་འཛིན་པ་རྣམས་སྤངས་ཏེ། །དབང་པོའི་གཞུ་ལྟར་སྣང་བ་ལྷ་ཡི་ལུས། །དེ་ལ་ཡི་གེ་དྱ་ནི་སྣ་རྩེ་དང་། །བྱིན་པ་མཚན་གྱི་ལྟེ་བར་རྣམ་དགོད་ཅིང་། །ལྟེ་བ་སྙིང་ག་ཁ་དང་དཔྲལ་བ་རུ། །སྔགས་ཀྱི་ཚོགས་དང་བཅས་པས་ བྱིན་གྱིས་བརླབ། །འཁྱུད་དང་འོ་བྱེད་སེན་མོས་འདེབས་པ་དང་། །མཆུ་འཇིབ་པ་དང་ནུ་མ་འཚིར་བ་དང་། །ཉེད་དང་རྡེབ་དང་སོར་མོ་བསྐྱོད་པ་ཡིས། །དབང་གཉིས་སྙོམས་པར་འཇུག་པའི་སྦྱོར་བ་བྱ། །གང་ཚེ་མཉམ་མེད་རིན་ཆེན་མཆོག་ལྟ་བུ། །སེམས་ཀྱི་དམ་པ་རང་རིག་བདེ་ཆེན་

  2. 5a

    པོ། །གང་དུ་རྟོགས་པ་དེ་ཚེ་སྲོག་རྩོལ་བ། །བཀག་པའི་སྦྱོར་བས་བདེ་ཆེན་རོ་མྱང་བྱ། །དངོས་དང་དངོས་མེད་མཐའ་གཉིས་རྣམ་སྤངས་ཤིང་། །སྟོང་དང་སྙིང་རྗེ་དབྱེར་མེད་རང་བཞིན་ཅན། །དུས་གསུམ་རྒྱལ་བའི་ཡེ་ཤེས་བསྐྱེད་པའི་རྒྱུ། །རང་རིག་བདེ་ཆེན་ཡེ་ཤེས་གཅིག་པུ་པ། ། གཉུག་མའི་རང་བཞིན་གང་དེར་མཚོན་པར་བྱ། །གང་དུ་མཚོན་བྱ་མཚོན་བྱེད་ཀྱིས་མཚོན་པ། །རྣམ་ཤེས་ཡེ་ཤེས་ཉིད་དུ་མཚོན་པ་དང་། །ཡེ་ཤེས་གང་དེས་ཤེས་བྱར་སྣང་བ་ཡི། །འགྲོ་བ་མ་ལུས་དེ་ཀུན་དེར་མཚོན་བྱ། །དེ་ཚེ་དབང་པོའི་ཡུལ་དུ་སྣང་བ་ཡང་། །གཟུགས་སྒྲ་དྲི་རོ་རེག་བྱར་ གྱུར་པ་ཡི། །དངོས་པོ་འདི་ཀུན་མ་ལུས་བདེ་ཆེན་པོ། །གང་དུ་དེ་ལས་གཞན་པའི་དངོས་མེད་ཅིང་། །བདེ་ཆེན་ཡེ་ཤེས་ཞེས་བྱ་གཅིག་པུ་པ། །གཅིག་པུའི་ཉམས་ཀྱིས་དུ་མར་གར་མཛད་དོ། །གང་གིས་རང་གི་ཡེ་ཤེས་མཆོག་བསྒོམས་པས། །སྲིད་པའི་འཆིང་བ་མ་ལུས་ཀུན་བཅད་དེ། ། བདག་གཞན་ཉེ་བར་འཚོ་བའི་འབྱུང་གནས་ཀྱིས། །མཉམ་མེད་མྱ་ངན་འདས་པའི་དབྱིངས་ལ་བརྟེན། །དཔལ་འཁོར་ལོ་སྡོམ་པའི་སྙིང་པོའི་དེ་ཁོ་ན་ཉིད་གྲུབ་པ། སློབ་དཔོན་ཆེན་པོ་ཛཱ་ལནྡྷ་རས་མཛད་པ་རྫོགས་སོ།། ༄། །དཔལ་ལྷན་ཅིག་སྐྱེས་པའི་མན་ངག་བཞུགས། ༄༅༅། །དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །རང་བཞིན་རྣམ་དག་གཉིས་ཀྱིས་རྒྱུ་བྱས་པས། །བརྒྱད་པོ་འཇིག་རྟེན་པ་དང་ཐུན་མོང་སྟེ། །ལྔ་ཉིད་སྤང་བྱ་ལྔ་ཉིད་ལམ་ཡང་ཡིན། །དག་བྱེད་ངོ་བོ་སེམས་ཀྱི་རང་བཞིན་སྐུ། །བསམ་མི་ཁྱབ་པའི་རྟོག་པ་རང་ལ་འབྱུང་། །བཞི་དང་བྲལ་ ཏེ་གསུམ་དུ་རྟོག་ཏུ་མེད། །དག་བྱེད་རང་བཞིན་དག་པའི་ངང་དུ་སྣང་། །གཉིས་པོ་སྤངས་ཏེ་ལ་ཉིད་ལམ་དུ་བྱ། །ལྔ་ལ་མི་ཆགས་གླང་ཆེན་སྨྱོན་པ་འདྲ། །ཀུ་ཤ་རླུང་བསྐྱོད་སྤྱོད་འདི་བདག་ལ་གཅེས། །ཤ་འུ་སར་པ་འདྲ་བར་གསོ་བ་འདི། །ཀུན་ལ་གཅེས་པ་ཡིན་ཞེས་རི་ཁྲོད་གསུང་། །མ་ རྟོགས་རྟོགས་པའི་སྤྱོད་པ་སྨྱོན་པ་འདྲ། །རྟོགས་ནས་མི་སྤྱོད་བླུན་པོའི་སྤྱོད་པ་ཡིན། །གང་ཡང་མི་རྟོག་དེ་ཡི་ངང་ལ་གཞག །གྲོལ་བར་འགྱུར་ཏེ་དེ་ཉིད་ཐེ་ཚོམ་མེད། །གསུམ་པོ་སྤང་བར་གྱིས་ཤིག་རང་ལ་ལྟོས། །ཞེས་གདམས་སོ། །དཔལ་ལྷན་ཅིག་སྐྱེས་པའི་མན་ངག་བདག་བྱིན་གྱིས་

Colophon

dpal 'khor lo sdom pa'i snying po'i de kho na nyid grub pa/ slob dpon chen po dzA landha ras mdzad pa rdzogs so//