D2189MW23703_2189rgyud 'grelAll versions of this work

gsang ba'i bdag po lag na rdo rje gos sngon po can gyi sgrub thabs

Text

ff. 62b–64a · 4 folio sides

  1. 62b

    པའི་མན་ངག་རིམ་པ་བསྟན། །དེ་ལས་གཞན་པའི་སློབ་མ་ལ། །བསྐྱེད་པའི་རིམ་པའི་མན་ངག་བསྟན། །དེ་ལ་བསྟན་ནས་ཕྱི་དུས་སུ། །རྫོགས་པའི་རིམ་པ་བསྟན་དུ་རུང་། །དེ་ལས་གཞན་པ་ཁ་ཅིག་ལ། །ཟབ་མོའི་དོན་རྣམས་མི་བསྟན་པར། །མི་ཟད་དབྱིངས་ཀྱི་ཆོས་རྣམས་ བསྟན། །དེ་རྣམས་གསུམ་གྱི་འབྲས་བུ་ནི། །སྐྱེ་བ་འདི་ལ་འབྱུང་བ་དང་། །སྐྱེ་བ་བདུན་ལ་འབྱུང་བའོ། །འཇིག་རྟེན་གསུམ་གྱི་ལས་ཀྱིས་ནི། །ཐུན་མོང་དངོས་གྲུབ་ཁོ་ན་འགྲུབ། །དཔེར་ན་སྟོན་གྱི་མེ་ཏོག་བཞིན། །འབྲས་བུ་དག་ལ་སྤྲོ་བསྐྱེད་ལ། །བརྩོན་འགྲུས་ཆེན་པོའི་གོ་ཆ་ གྱོན། །ལེ་ལོ་སྤངས་ཤིང་ཉིན་མཚན་དུ། །རྣལ་འབྱོར་དག་ནི་ཆགས་མི་བྱ། །སྙོམ་ལས་ལེ་ལོས་ཆགས་གྱུར་ནས། །བདེ་གཤེགས་བཀའ་ལས་འདས་པ་ན། །རྩ་བའི་རབ་འབྲིང་ཐ་མ་ལ། །ཐ་མས་ཉམས་པའི་ཆར་འགྱུར་བས། །ཉམས་པ་སྦྱང་ཞིང་སླར་གསོ་བ། །བླ་མ་ མཆོད་པའི་དུས་སུ་ནི། །ཡི་གེ་བརྒྱ་པའི་ཆོ་ག་ཡིས། །སྦྱངས་པས་སླར་ནི་སོར་ཆུད་འགྱུར། །འདི་དང་མི་ལྡན་སྔགས་པ་ནི། །གླང་ཆེན་མྱོས་འདྲ་ཇི་བཞིན་ནོ། །འདི་དང་ལྡན་པའི་སྔགས་པ་ནི། །སེང་ཕྲུག་སེང་གེའི་གདུང་འཚོབ་འདྲ། །དེ་ལ་ནན་ཏན་ཆེར་བསྐྱེད་ཅིག །ཕྱག་ན་རྡོ་ རྗེ་ལྕེ་དབབ་ཀྱི་སྔོན་དུ་འགྲོ་བའི་ཡན་ལག །རྣལ་འབྱོར་གྱི་སྤྱོད་ལམ་བརྒྱད་པ་ཞེས་བྱ་བ། སློབ་དཔོན་རྒྱལ་བུ་སྤྲིན་གྱི་ཤུགས་ཅན་གྱིས་མཛད་པ་རྫོགས་སོ།། །།སློབ་དཔོན་རྒྱལ་བུ་སྤྲིན་གྱི་ཤུགས་ཅན་གྱིས་རྒྱུད་དང་མི་འགལ་བར་མཛད་པའོ། །ཛ་ཡཱ་ཀ་ར་དང་། མར་པ་ལོ་ ཙཱ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄། །གསང་བའི་བདག་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་བཞུགས། ༄༅༅། །གསང་བའི་བདག་པོ་ལག་ན་རྡོ་རྗེ་གོས་སྔོན་ཅན་ལ་ཕྱག་འཚལ་ལོ། །ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་བསྒྲུབ་པར་འདོད་པའི་རྣལ་འབྱོར་ པས། དང་པོར་ཁྲུས་བྱས་སྟན་བདེ་བ་ལ་འདུག་སྟེ། ཡན་ལག་བདུན་དང་ལྡན་པའི་སེམས་བསྐྱེད་པར་བྱའོ། །རང་གི་སྙིང་གར་ཉི་མ་དང་ཟླ་བ་ལ་གནས་པའི་ས་བོན་གྱིས་གོས་སྔོན་པོ་ཅན་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྤྱན་དྲངས་ཏེ། ས་བོན་ལས་

  2. 63a

    བྱུང་བའི་མཆོད་པས་མཆོད་དོ། །དེ་ནས་འདི་སྐད་དུ། དཔལ་ཕྱག་ན་རྡོ་རྗེ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་སོ་འཚལ་ལོ། །བདག་ལུས་ངག་ཡིད་ཀྱི་སྒོ་ནས་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ལོ། །མཆོད་པ་བླ་ ན་མེད་པ་འདོད་པའི་ཡོན་ཏན་གྱི་ཆར་དག་པའི་སེམས་ཀྱིས་སྤྲུལ་ཞིང་མཆིས་ན། ཐུགས་རྗེའི་དབང་གིས་བཞེས་སུ་གསོལ། ཐོག་མ་མེད་པའི་དུས་ནས་དུག་གསུམ་གྱི་དབང་གིས་སྡིག་པ་ཅི་བགྱིས་པ་རྣམས་སོ་སོར་བཤགས་ཤིང་སླན་ཆད་ཀྱང་སྡོམ་པར་བགྱིད་དོ། །བདེ་བར་ གཤེགས་པ་གང་དག་བསྐུལ་བའི་ས་ལ་བཞུགས་པ་རྣམས་ལ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བར་བགྱིའོ། །བདེ་བར་གཤེགས་པ་གང་དག་མྱ་ངན་ལས་འདའ་བར་བཞེད་པ་རྣམས་ལ་འཁོར་བ་ཇི་སྲིད་པར་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་སོ། །དགེ་བའི་རྩ་བ་དེ་དག་ཐམས་ཅད་ཀྱང་བླ་ན་ མེད་པའི་བྱང་ཆུབ་ཏུ་བསྔོ་བར་བགྱིའོ། །ཇི་ལྟར་དུས་གསུམ་སངས་རྒྱས་རྣམས་ཀྱི་ཐུགས་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་དངོས་པོ་ཐམས་ཅད་དང་བྲལ་བ། སྟོང་པ་ཉིད་ཀྱི་རང་བཞིན་དུ་ཐུགས་བསྐྱེད་པ་བཞིན། བདག་གིས་ཀྱང་སེམས་བསྐྱེད་པར་བགྱིའོ། །གཞན་ཡང་བདག་གིས་ འཕགས་པ་རྣམས་ལ་ལུས་ཕུལ་ཏེ། སེམས་ཅན་ཐམས་ཅད་མྱ་ངན་ལས་འདའ་བར་བགྱིའོ། །དེ་ནས་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་བསམ་པར་བྱའོ། །དེའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ཟླ་བ་དང་ཉི་མའོ། །དེའི་སྟེང་དུ་ཧཱུཾ་སྔོན་པོ་ལས་བྱུང་ བའི་རྡོ་རྗེ་ཡོངས་སུ་གྱུར་པ་ལས་བྱུང་བའི་གོས་སྔོན་ཅན་གྱི་གཟུགས་སུ་གྱུར་པར་བྱའོ། །དེ་ནས་ཡུངས་ཀར་ཕྱོགས་སུ་གཏོར་བར་བྱ་ཞིང་། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུཾ་ཕཊ། ཅེས་བརྗོད་ཅིང་བསྐྲད་པར་བྱའོ། །ལྕགས་ཀྱུའི་ཕྱག་རྒྱ་བཅས་ཏེ། ས་བོན་ལས་འོད་ཟེར་སྤྲོས་ཏེ་སྤྱན་དྲང་ བར་བྱའོ། །གཟུངས་ཀྱི་མཇུག་ལ། ཨོཾ་ན་མཿས་མ་ཡ་མཎྜལ་མ་དེ། ཨཱ་གཙྪ་ཡ་ཨཱ་གཙྪ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། ཨཱ་བ་ལོ་ཀཱ་ཡ་ཨཱ་བ་ལོ་ཀཱ་ཡ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བ་བཏགས་ཏེ་སྤྱན་དྲང་བར་བྱའོ། །དེ་ནས་དེ་ལ་མཆོད་པ་དབུལ་བར་བྱའོ། །ཧྲཱི་ཏི་ཧ་ཞེས་པས་ཨརྒྷ་ཡིའོ། །ཨོཾ་

  3. 63b

    བཛྲ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་སྭཱ་ཧཱ། ཞེས་པས་མེ་ཏོག་དབུ་ལ་དབུལ་ལོ། །ཨོཾ་བཛྲ་དྷཱུ་པ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་སྭཱ་ཧཱ། ཞེས་པས་བདུག་པ་མདུན་དུའོ། །ཨོཾ་བཛྲ་དཱི་པཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་སྭཱ་ཧཱ། ཞེས་པས་མར་མེ་སྤྱན་ལའོ། །ཨོཾ་བཛྲ་གྷནྡྷེ་པཱུ་ཛ་མེ་ གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་སྭཱ་ཧཱ། ཞེས་པས་དྲི་ཐུགས་ཀར་རོ། །ཨོཾ་བཛྲ་ནཻ་བི་དྱེ་པཱུ་ཛ་མེགྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་སྭཱ་ཧཱ། ཞེས་པས་ཞལ་ཟས་ཞལ་དུའོ། །ཨོཾ་བཛྲ་གཱི་ཏི་གྷཎྚ་གྷཎྚ་སྭཱ་ཧཱ། ཞེས་པས་སིལ་སྙན་སྙན་ལའོ། །དེ་ནས་བསྟོད་དོ། །ཨོཾ་བཛྲ་ས་མ་ཡ་སྟྭཾ། ཞེས་པས་གཉིས་སུ་ མེད་པར་བྱའོ། །དེ་ནས་དབང་བསྐུར་བར་བྱའོ། །དེ་ནས་རང་གི་སྙིང་གར་རཾ་ལས་བྱུང་བའི་ཉི་མའི་སྟེང་དུ། རང་གི་ས་བོན་ལ་བཟླས་པར་བྱ་བའི་ཡི་གེས་བསྐོར་བར་བྱའོ། །བློས་དམིགས་པར་བྱ་སྟེ། སྔགས་བཟླས་པར་བྱའོ། །སྔགས་ནི་འདི་ཡིན་ཏེ། ཏདྱ་ཐཱ། བྷོ་བྷོ་བན་ནཱ་གཱ་ དྷི་པ་ཏ་ཡེ། ཨི་དན་ནཱི་ལཱཾ་བ་ར་དྷ་ར་ཤ་རཱི་རཾ། བཛྲ་པཱ་ཎི་ཧྲྀ་ད་ཡཾ། ཡཿས་མཱ་ཏི་ཀྲ་མཱ་ཏི། །ཨུཏྶཱ་ད་ནཾ། བྷ་བི་ཤུདྡྷེ། ཏདྱ་ཐཱ། བུདྡྷྱ་བུདྡྷྱ། བི་བུདྡྷ། མ་ཏི་པྲཱཔྟ། ཧ་ར་ཧ་ར། ནཱ་གཱ་ནཱཾ། པྲ་ཧ་ར་པྲ་ཧ་ར། ནཱ་གཱ་ནཱཾ། ཙྪིནྡ་ཙྪིནྡ། ནཱ་ག་ཧྲྀ་ད་ཡ་ནི། བྷིནྡ་བྷིནྡ། ནཱ་ག་ད་མཱ་ ནི། བི་སི་མཱ་ད་ནཱ་ག་ཤ་རཱི་ར་ཎི། བི་སྥོ་ཊ་ཡ། ནཱ་ག་ན་ཡ་ནཱ་ནི། ཏདྱ་ཐཱ། ནཱ་ག་བི་དཱ་ར་ཎཱ་ཡ་ཧཱུཾ་ཕཊ། ནཱ་གོ་ཏྶ་ད་ནཱ་ཡ་ཧཱུཾ་ཕཊ། ནཱི་ལཱཾ་བ་ས་སྟ་ནཱ་ཡ་ཧཱུཾ་ཕཊ། ཨ་པྲ་ཏི་ཧ་ཏ་པ་ལ་པ་རཱ་ཀྲ་མཱ་ཡ་ཧཱུཾ་ཕཊ། ཀྲིཏྟཱནྟཱ་ཡ་ཕཊ། ཀྲིཏྟཱནྟཱ་རཱུ་པཱ་ཡ་ཕཊ། རོ་ཥ་ཎཱ་ཡ་ཕཊ། ཏྲཱ་ས་ནཱ་ཡ་ཕཊ། ཀུཥྨཎྜོཏྶཱ་ད་ནཱ་ཡ་ཕཊ། པྲེ་ཏ་ པི་ཤཱ་ཙ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཡཀྵ་ཨ་པསྨཱ་ར་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། བྷ་ཀྵ་ཡ་བྷ་ཀྵ་ཡ། སརྦ་བིགྷྣཱ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། སརྦྦ་ཤ་ཏྲཱུཾ་སཾ་གྷ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ར་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་བཟླས་པར་བྱའོ། །གལ་ཏེ་གཏོང་བར་ འདོད་ན། བཟོད་པར་གསོལ་བ་དང་། དགེ་བའི་རྩ་བ་བསྔོ་ཞིང་། སྨོན་ལམ་གདབ་བོ། །དེ་ནས་ཨོཾ་ཨཱཿཧཱུཾ་མུཿཞེས་པས་ཡེ་ཤེས་ཀྱི་ལྷ་གཤེགས་སུ་གསོལ། དེ་ནས་ཐམས་ཅད་མི་དམིགས་པར་བསྒོམ་པར་བྱའོ། །ཡི་གེ་བརྒྱ་པའི་གསང་སྔགས་བརྗོད་པར་བྱའོ། །བླ་མ་ལ་གུས་པ་

  4. 64a

    དང་། ཤེས་རབ་དང་། སྙིང་རྗེ་དང་ལྡན་ཞིང་། ཁྱད་པར་དུ་གང་ལ་དད་པ་ཆེར་ཡོད་པ་དེ་ལ་མྱུར་དུ་འགྲུབ་པར་འགྱུར་རོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་ནག་པོ་ཞབས་ཀྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཙཎྜ་བཛྲ་ཀྲོ་དྷ་དེ་བ་པཉྩ་ནཱ་མ་མཎྜལ་བི་དྷིཿ། བོད་སྐད་དུ། རྡོ་རྗེ་ཁྲོ་བོ་གཏུམ་པོ་ལྷ་ལྔ་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །གཏུམ་པོ་ཁྲོས་པས་ཞེ་སྡང་འཇོམས། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རྡོ་རྗེ་འཆང་ལ་རབ་བཏུད་ ནས། །དེ་ཡི་དཀྱིལ་འཁོར་ཆོ་ག་བཤད། །དུར་ཁྲོད་ལ་སོགས་གནས་ཆེན་དུ། །གཟའ་སྐར་དུས་ཚེས་བཟང་པོ་ལ། །བསྙེན་པ་རྫོགས་པའི་སློབ་དཔོན་གྱིས། །ས་བརྟག་པ་དང་བསླང་བ་དང་། །མེ་ཏོག་སྔོན་པོ་ལྔ་དོར་ཞིང་། །བྱིན་དང་མ་བྱིན་ལྟས་ཀྱང་བརྟག །ཕན་ཚུན་མང་ ཉུང་ཨུཏྤལ་ཁ། །ཨོཾ་བཛྲ་པཱ་ཎི་པུཥྤ་པཱུ་ཛ་ཧཱུཾ། །སྔགས་དེར་བསྐྱར་ཞིང་མེད་དང་མཚུངས། །བཙོ་མ་གསེར་མདོག་རིན་ཆེན་ལ། །རྔན་པ་བྱིན་ལ་བརྐོ་བར་བྱ། །ས་སྦྱང་བ་དང་བསྲུང་བྱ་སྟེ། །དྲི་ཡི་ཐིག་ལེ་མེ་ཏོག་ཁར། །དམ་ཚིག་ལྷ་མོ་བསྐྱེད་བྱས་ལ། །ཡེ་ཤེས་ལྷ་མོ་ དགུག་གཞུག་བསྟིམ། །ས་ཡི་ཆོ་ག་རྫོགས་བྱས་ལ། །དེ་ནས་ལྷ་ཡི་སྟ་གོན་ནི། །མཎྜལ་ཡིད་འོང་དྲི་མེད་ཁར། །དྲི་ཡི་ཐིག་ལེ་མེ་ཏོག་ལྔ། །ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཁཾ་དག་ལས། །དམ་ཚིག་འཁོར་ལོ་བསྐྱེད་བྱས་ཏེ། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་ལ། །མཆོད་གཏོར་བསྟོད་པས་ མཉེས་བྱས་ལ། །བདུག་པ་ལག་ཐོགས་པུས་བཙུགས་ཏེ། །དྲིལ་བུའི་སྒྲ་སྒྲོགས་ལྔ་ལྡན་ཧཱུཾ། །དེ་ནས་གསོལ་བ་གདབ་བྱ་བ། །བཅོམ་ལྡན་རྡོ་རྗེ་འཛིན་པའི་མཆོག །རིག་སྔགས་རྒྱལ་པོ་དགེ་བའི་མགོན། །གཟུངས་སྔགས་གསང་སྔགས་ཀུན་གྱི་གཙོ། །གསང་བའི་ བདག་པོ་ཕྱག་འཚལ་ལོ། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱི། །དཀྱིལ་འཁོར་བདག་ཉིད་འདྲི་བར་འཚལ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་མཉེས་པར་མཆོད་ཕྱིར་དུ། །བཅོམ་ལྡན་བདག་ཉིད་གུས་པ་ལ། །དེ་ཡི་གནང་བར་མཛད་པའི་རིགས། །སངས་

Colophon

gsang ba pa'i bdag po lag na rdo rje'i sgrub thabs/_slob dpon chen po nag po zhabs kyis mdzad pa rdzogs so/