D2187MW23703_2187rgyud 'grelAll versions of this work

rdo rje lce dbab pa'i sngags

Text

ff. 58a–59a · 3 folio sides

  1. 58a

    བརླབ་པར་བྱའོ། །མགོ་བོ་དང་ལྐོག་མ་དང་། སྙིང་གར་པདྨ་དང་། ཟླ་བའི་དཀྱིལ་འཁོར་ལ། སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་ཇི་ལྟ་བར་བཀོད་ལ། དཀར་པོ་དང་སྔོན་པོ་ལ་སོགས་པ་བསམ་མོ། །དེ་ནས་སྤྱི་བོ་དང་། མགྲིན་པ་དང་། སྙིང་གར་པདྨ་དང་། ཟླ་བ་ལ་སོགས་པ། རིམ་པ་ཇི་ལྟ་བ་བཞིན་དུ་དམིགས་ལ། གསང་སྔགས་བཟླས་པར་བྱ་བ་ནི་འདི་ཡིན་ཏེ། ཉི་མ་ས་བླ་ན་ཀླད་པ་ནཾ། ཀུ་ན་ཞི། ཙིཏྟ་ཀུ་ལི་ནཾ། ཙི་ཏྲ་མུ་ཏྲ་ཡཀྵ་ཏྲ་བཟློག་བྱེར། གསལ་པོར་དམིགས་ལ་བཟླས་པ་བྱ། སྐྱོ་བའམ་དུབ་པར་གྱུར་ན། གསང་སྔགས་ཡིད་ཀྱིས་ བཟླས་པར་བྱ་སྟེ། སྔགས་ཀྱི་སྐྱོན་སྤངས་ཏེ། མི་གསལ་བ་ལ་སོགས་པའི་རྣམ་པར་རྟོག་པ་སྤང་བར་བྱའོ། །བཟླས་པས་སྐྱོ་ན་ཡེ་ཤེས་ཀྱི་འཁོར་ལོ་བཏོན་ལ། མཆོད་པ་དང་། བསྟོད་པ་དང་། བཟོད་གསོལ་བྱ། དེ་ནས་ཨོཾ་ཨཱཿཧཱུཾ། ས་མ་ཡ་མུཿས། ཡེ་ཤེས་ཀྱི་འཁོར་ལོ་གཤེགས་སུ་ གསོལ། དེ་ནས་མི་དམིགས་པར་བསྒོམ་པར་བྱའོ། །ལྡང་བར་འདོད་ན། ཡི་གེ་བརྒྱ་པའི་སྔགས་བརྗོད་ལ། ལྡང་བར་བྱའོ། །ཕྱག་ན་རྡོ་རྗེ་ལྕེ་དབབ་ཀྱི་སྒྲུབ་ཐབས། གསང་བའི་ཡང་བཀོལ་གྱི་ཆོ་ག་བཀོད་པ་ཡི། བདག་གིས་སྒྲུབ་ཐབས་འདི་བཀོད་པས། བདག་དང་ སེམས་ཅན་ཐམས་ཅད་ཀྱི། །བྱང་ཆུབ་ཏུ་ནི་དེ་དག་བསྔོ། །རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱིས་མཛད་པ་རྫོགས་སོ།། །།སླད་ཀྱི་བླ་མ་ཛ་ཡཱ་ཀ་ར་དང་། མར་པ་ལོ་ཙཱས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།ན་མོ་བུདྡྷཱ་ཡ། བཛྲ་བཛྲ་ཧཱུཾ་ཐཱ། རྡོ་རྗེ་ལྕེ་དབབ་པའི་སྔགས་ནི། ཉི་མ་ས་བླ་ན། ཀླད་པ་ ནཾ། ཀུ་ན་ཞི། ཙིཏྟ་ཀུ་ལི་ནཾ། ཙི་ཏྲ་མུ་ཏྲ་ཡཀྵ་ཏྲ་བཟློག་བྱེར། ནཱ་ག་ཤིག ནཱ་ག་བྱེར། ནཱ་ག་ནཾ། ནཱ་ག་མགོ་ནཾ། ནཱ་ག་ཧ་ན་ཧ་ན་མཱ་ར་ཡ་རྦད་ནཾ། ཚིལ་ཆེན་དང་། ཚོན་སྐུད་རྣམ་ལྔ་ལ་སྔགས་མདུད་བྱས་པ་དང་། གླ་རྩི་དང་སེང་ལྡེང་གི་ཕུར་པ་ལ་སྔགས་བཟླས་ལ་བསྲུང་ངོ་། །ས་དོམ་ནག་པོ་སོད། ས་དོམ་ནག་པོ་སོད། ས་དོམ་ནག་པོ་ནན། །ས་དོམ་ནག་པོ་ནན། ཞེས་གོང་བཞིན་ནོ། །སེར་བ་སྲུང་ན། ཐལ་ཆེན་དང་། སྐེ་ཚེ་དང་། རྩང་དང་། ཐོ་དང་། མཛུབ་རིས་ཀྱིས་བསྲུང་ངོ་། །སྔགས་འདི་གདགས་སོ། །ས་འདི་སྲུངས་ཤིག་བྱེར་ཡ་བྱའོ། །ཕྱུ་ག་ཙི་ཕཊ། ཙི་ག་ཕྱུ་ཕཊ། ལྕེ་བ་

  2. 58b

    ཏི་ཕཊ། ཐུཾ་རིལ་རྦད། ཆེ་གེ་མོ་མཱ་ར་ཡ་རྦད་ནཾ། ནཱ་ག་ཧྲིལ་ཧྲིལ། ནཱ་ག་ཕྲོམ། ནཱ་ག་ཕོབ། ཕུར་པ་དང་ཚིལ་ཆེན་དང་། ཁྱི་དང་བོང་བུ་དང་རྟ་རྣམས་ཀུན་ནག་པོའི་ཁྲག་དང་། ཐོད་པ་མཚན་ངན་ཅིག་དང་། དོར་རྟ་དང་། ཆུ་དངོས་དང་། དེ་རྣམས་ལ་བྱའོ། །ལིངྒ་དང་། གཟུགས་ལ་བརྟེན་ ལ་བྱའོ། །ཆར་པ་འབེབས་ན། རྟེན་ས་རུ་སྦྲ་ཕུབ་ལ་གཟུངས་གདོན། སྔགས་གོང་མ་བཟླས། ཀླུ་མཆོད་དང་། ཆབ་གཏོར་བྱ། དུས་དུས་སུ་བསླང་། ཞག་བདུན་བྱའོ། །འདིས་ཀྱང་བསྲུང་། ཨེཿབ་གཿར་ཚེ་འདི་ན་བ་གཿབར་མ། པ་ལཿས་ཏ་ཡེ། མགོ་སྟེ་ས་སྟེ། བར་མ་ཧཱ་ཨཿ ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཅི་མང་དུ་བཟླས་སོ། །རང་ཕྱག་ན་རྡོ་རྗེ་བསྒོམ་ཤེས་ན་རབ། མ་ཤེས་ན་རང་ཏམ། མང་དུ་བཟླས་ན་གང་ཡང་རུང་བ་ཐུབ་བོ། །ཕྱག་ན་རྡོ་རྗེ་ཀླུ་འདུལ་བའི་དྲག་སྔགས་བསྒོམ་དུ་མེད་པའོ། །ཐེ་ཚོམ་ཡིད་གཉིས་རྐྱེན་གྱི་རྒྱུ་བསྙེན་པ་དང་སྒྲུབ་པ་ཟབ་མོ་རྫོགས་ སོ།། །།དེ་ཡང་བྱ་བའི་དུས་ནི། སྔགས་ཀྱི་ནུས་པ་བསྐྱེད། ཉམས་རྟགས་བྱུང་བ་དང་། ལས་མཐའ་བསྡུས་ཏེ། མནན་པ་ལ་སོགས་གཞན་དང་མཐུན། སྦྱིན་སྲེག་གི་རིམ་པ་ལ། རྫས་ནི་ཞི་རྒྱས་གཞན་དང་མཐུན། །གདུག་པའི་རྫས་ནི་སྣ་ཚོགས་དང་། །མར་ནག་ཚིལ་ཆེན་སྐེ་ ཚེ་དང་། །ཏིལ་དང་མིང་བྱང་སྤེལ་ཏེ་བསྲེག །སླ་ངའམ་ཐབ་ཁུང་རྙིང་པ་རུ། །བརྒྱའམ་ཡང་ན་ལྔ་བཞི་གཅིག །བསྐྱར་ཞིང་ལས་ལ་སྦྱར་བ་དང་། །སྔགས་ཀྱི་མཐར་ནི་རཀྵ་ཤཱནྟིཾ་གདགས་པར་བྱ། །སྤྱན་དྲངས་མཆོད་དང་བསྟོད་པ་ནི། །གཞན་ཡང་དཀྱུས་ལས་ཤེས་པར་བྱ། ། ཉམ་ཆུང་སྣོད་མེད་ཐེ་ཚོམ་རང་འཕུང་འགྱུར། །ཉམས་ལྡན་མ་ཡེངས་བསྒྲུབས་བྱས་ནས། །བླ་མ་དམ་པ་རྣམས་ཀྱི་ཞབས་ལ་གཏུགས། ཨ་ཏི། གུ་ཧེ། ཞར་ལ་འདི་ཡང་མཆོད་པ་སྟེ། །འཁར་སོགས་སྣོད་ནི་མཛེས་པ་རུ། །འོ་མ་དང་བཅས་སྨན་རྣམས་ཀྱིས། །བཀང་སྟེ་མདུན་དུ་བཞག་ པའོ། །དེ་སྟེང་བཞག་པའི་རྫས་རྣམས་ནི། །ཤིན་ཏུ་གསལ་བྱེད་གདན་སྟེངས་སུ། །ལྔ་ལྡན་མཐའ་ཡས་སྦྲུལ་དགུ་པ། །རྩི་སྨན་མཆོད་ཅིང་མདུན་གནས་པའོ། །བསྲེག་མནན་བསྐྱལ་བ་ཉམས་དང་སྦྱར། །བདག་རྣལ་འབྱོར་པ་སྡང་མིག་གིས་ལྟ་ཞིང་། ཡུངས་ཀར་གྱིས་བྲབ་

  3. 59a

    པའོ། །གྲུ་གསུམ་དུ་བྲུབ་བོ། །དེ་ནས་སྔགས་གདབ་བོ། །དེ་ནས་ཐལ་མོ་བརྡབ་ཅིང་ནད་དང་གདོན་བགེགས་ཐམས་ཅད་བརླག་པར་བསམ་མོ། །ཡང་ཡང་ལྕགས་ཀྱུའི་ཕྱག་རྒྱ་བཅས་ཏེ་གོང་གི་མི་ལ་བསྟིམ་མོ། །དེ་ནས་ཕུར་པ་གདབ་ཅིང་བྲུབ་པར་བྱའོ། །ཨ་ ཏི་ཨེའི་ཚོགས་ཀྱི་རིམ་པ་ལ། དང་པོ་བདག་རྣལ་འབྱོར་པའི་མདུན་དུ་མཛུབ་གང་བའི་བྲུབ་ཁུང་གྲུ་གསུམ་བྲུས་ཏེ། དེའི་ནང་དུ་མིང་བྱང་བུ་ལ་བྲིས་ལ་གཞག །དེའི་ཁ་རུ་གཡམ་པ་སྔོན་པོ་ཅིག་ལ་ཡུང་བ་སེར་པོས་རི་རབ་དང་རྡོ་རྗེ་རྒྱ་གྲམ་གྱི་གཟུགས་བྲིས་ལ་བཞག །མ་གྲུབ་བྱས་ན་ལྟས་ ངན་འབྱུང་། །ཀུན་ལ་ཡོད་ན་ངོ་མཚར་ཆུང་། །ལྕེ་དབབ་པའི་བྱ་ཐབས་རྫོགས་སོ།། །།རྟེན་འབྲེལ་གྱི་མཐུས་བསྲུང་བའི་ཐབས་ནི། རྨ་བྱའི་མཁྲིས་པ་དང་། ཀ་ར་བསྲེ་ལ་བསྐུ། སའི་བདུད་རྩི་ལོ་ལྔ་བརྒྱ་ལོན་པ་ཡན་ཆོད་བསྐུའོ། །སྤོས་གུ་གུལ་ནག་པོ་དང་། གླ་རྩི་དང་། མུ་ཟི་དང་། ལྡོང་རོས་དང་། དྲི་ཆེན་དང་ཆ་མཉམ་དུ་སྦྱར་ཏེ། སྦྲང་རྩིས་སྦྲུས་ཏེ་དུད་པ་བཏང་ངོ་། །སྨན་གྱི་ནུས་པ་ནི་འབྲས་བུ་གསུམ་དང་། བུས་པ་སྐྱེས་མ་ཐག་པའི་རང་འབྱུང་དང་བསྲེས་ཏེ། དྲི་ཆུས་སྦྲུས་པའི་རི་ལུ་ཁར་གཞག་གོ། །སྨན་གྱི་མཆོག་གིས་བསྲུང་བ་ནི། ཨ་རུ་ར་རྣམ་པར་ རྒྱལ་བ་བཅངས་པས་བསྲུང་བའོ། །ས་བདག་གི་ནད་ཐུབ་བོ།། །།ཉི་མ་ས་བླ་ན་ལ་སོགས་པ་ལ་འདི་གདགས་སོ། །ཤིག་བྱེར་ནན། མགོ་ནན། ཧ་ན་ཧ་ན་མཱ་ར་ཡ་རྦད་ནན། ཞེས་བཟླས་ཤིང་བསྲུང་བ་བྱའོ། །རྟེན་འབྲེལ་གྱི་མཐུས་བསྲུང་བ་རྫོགས་སོ།། ༄། །ལག་ན་རྡོ་རྗེ་ལྕེ་ དབབ་ཀྱི་སྔོན་འགྲོའི་ལག་ལེན་རྣལ་འབྱོར་སྤྱོད་ལམ་བརྒྱད་པ་བཞུགས། ༄༅༅། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པ་རྣམས་རྒྱུན་དུ་བྱ་བའི་ཆོ་ག་ནི། ཐུན་མོང་གི་སྤྱོད་ལམ་བརྒྱད་ཀྱིས་བསྟན་ཏེ། ཁྲུས་དང་། མཆོད་པའི་རྣལ་འབྱོར་དང་། ཟས་ དང་། སྐོམ་དང་། གཏོར་མ་དང་། སྒོམ་པ་བཟླས་བརྗོད་ཀྱི་སྤྱོད་ལམ་བརྒྱད་དོ། །དང་པོ་ཁྲུས་ཀྱི་རྣལ་འབྱོར་ནི། །རང་ཉིད་བསྐྱེད་པའི་རིམ་བསྒོམས་ཏེ། །རིན་ཆེན་བུམ་པ་མཛེས་པ་རུ། །ཆུ་གཙང་སྲོག་ཆགས་མེད་པ་དང་། །ཙནྡན་ལ་སོགས་དྲིས་སུ་དགང་། །བདག་གི་ཐུགས་ཀའི་ས་

Colophon

lce dbab pa'i bya thabs rdzogs so/