D718MW4CZ5369_0718rgyudAll versions of this work

shes rab skyed pa zhes bya ba'i gzungs

Prajñābardhanīnāmadhāraṇī

Text

ff. 179b–180a · 2 folio sides

  1. 179b

    ༄༅༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། སྨྲྀ་ཏི་མ་ཏི་མ་ཏི། ཏེ་ཛོ་བིདྱཱ་ཧུ་རུ་མེ་ཧ་ར་ཧུ་རུ་ཀྲྀཥྞ་ཧུ་རུ་མེ་སྭཱ་ཧཱ། ཤུ་དག་དཀར་ པོ་ལ་སྔགས་འདི་བཟླས་བརྗོད་བྱས་ཏེ་ཟོས་ན་གདོན་མི་ཟ་བར་ཐོས་པ་འཛིན་པར་འགྱུར་རོ། །མི་བརྗེད་པའི་གཟུངས་རྫོགས་སོ།། ༄༅། །རྒྱ་གར་སྐད་དུ། པྲཛྙཱ་བརྡྷ་ནཱི་ནཱ་མདྷཱ་ར་ཎཱི། བོད་སྐད་དུ། ཤེས་རབ་ སྐྱེད་པ་ཞེས་བྱ་བའི་གཟུངས། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བློ་ལྡན་ཞེས་བྱ་བ་རི་རབ་ཀྱི་ངོས་ལ་བཞུགས་ཏེ། རི་རབ་ལ་གནས་པའི་ལྷའི་བུ་ཐམས་ཅད་ ཀྱིས་བསྐོར་ནས་མདུན་དུ་བྱས་ཏེ་ཆོས་སྟོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞོན་ནུའི་གཟུགས་ཅན་གྱིས་ཐལ་མོ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་བློ་ལྡན་ལ་སོགས་པ། བཅོམ་ལྡན་འདས་སེམས་ཅན་ཤེས་རབ་རྟུལ་པོ། བློ་ཞན་པ། ཡིད་ མི་གཞུངས་པ་རྣམས་ཀྱི་སླད་དུ་ཤེས་རབ་སྐྱེད་པ་ཞེས་བྱ་བའི་གཟུངས་བཤད་དུ་གསོལ། །བཤད་པ། ཧཱུྃ་པི་ཙུ་པི་ཙུ། པྲཛྙཱ་བརྡྷ་ནི་ཛྭ་ལ་ཛྭ་ལ། མེ་དྷཱ་བརྡྷ་ནི། དྷི་རི་དྷི་རི། བུདྡྷི་བརྡྷ་ནི་སྭཱ་ཧཱ། གང་ཞིག་གཟུངས་འདི་འཛིན་པ་དང་། ཀློག་པ་དང་། འདྲི་ བ་དང་། འདྲིར་འཇུག་པ་དང་། ཆུང་ངུ་ན་ཡི་གེ་འབྲུ་གཅིག་ཙམ་ཐོས་ན་ཡང་དེའི་ཚེ་འདི་ཉིད་ལ་ཤེས་རབ་ཆེན་པོར་འགྱུར་རོ། །གང་གི་ཟླ་བ་དྲུག་གི་བར་དུ་ཉིན་རེ་ཞིང་རྩ་བས་ཁྱོར་གང་ལ་རིག་པ་འདི་ལན་བདུན་བཏབ་སྟེ་ཉི་མ་ཤར་བའི་ཚེ་འཐུངས་ན་ཚིགས་སུ་བཅད་པ་ སྟོང་སྟོང་འཛིན་ཏོ། །ལན་ཅིག་འཐུངས་ན་ལྔ་བརྒྱ་འཛིན་ཏེ་ཉིན་གཅིག་བཞིན་ཤེས་རབ་འཕེལ་བར་འགྱུར་རོ། །ཉིན་གཅིག་བཞིན་དུ་རྗོད་པ་ཙམ་གྱིས་དྲན་པ་དང་ཡིད་གཞུངས་པར་འགྱུར་རོ། །ཤེས་རབ་སྐྱེད་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།

  2. 180a

    རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་། ལོཙྪ་བ་བནྡེ་ཀླུའི་དབང་པོས་བསྒྱུར། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིཾ་ཧ་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་དེ་བ་ཙནྡྲ་ས་ཞུས་ཏེ་གཏན་ལ་ཕབ་པ། ། ༄༅། །རྒྱ་གར་སྐད་དུ། པྲཛྙཱ་བརྡྷ་ནཱི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། ཤེས་རབ་སྐྱེད་པ་ཞེས་བྱ་བའི་གཟུངས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། སྑ་ལ་ཏེ་སྑ་ལ་ཏེ་མ་ནི་ཏེ་སྭཱ་ཧཱ། རིག་སྔགས་འདིའི་ཆོ་ག་ནི་འདི་ཡིན་ཏེ། ཁྱོར་ཆུ་ལ་ལན་གསུམ་བཟླས་ཏེ། འཐུངས་ན་ཞག་བདུན་ནས་ཐོས་པ་འཛིན་པར་འགྱུར་རོ། །ཤེས་རབ་སྐྱེད་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་། ལོཙྪ་བ་བནྡེ་ཀླུའི་དབང་ པོས་བསྒྱུར། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིཾ་ཧ་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་དེ་བ་ཙནྡྲས་ཞུས་ཏེ་གཏན་ལ་ཕབ་པ།། ༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། མ་ཏི་བ་ཧུ་ལྱེ། ཏ་ཐཱ་ག་ཏཱ་ཛྙཱ་ན་དཪྴ་ནེ་པྲ་ཛྙཱ་པྟ། གམྦྷི་རེ། བོ་དྷི་མཎྜཱ་ནུ་ས་རི་ཎི། ཨ་བིདྡྷ། ཏ་མོནྡྷ། ཀ་ར་བི་དྷ་མ་ནི། ཛྭ་ལ་ ཛྭ་ལ། པྲཛྙཱ་བཱི་པེ། མེ་དྷཱ་པ་དི་ནི། སརྦ་ཨ་དྷིཥྛི་ཏ། སུ་རུ་སུ་རུ། དྷུ་རུ་དྷུ་རུ། མེ་དྷཱ་ཨཱ་ན་ཡ་སྭཱ་ཧཱ། ཆོ་ག་ནི་ནང་པར་ཞིང་བཟླས་བརྗོད་བྱས་ན། ལོབས་སྐྱེན་པར་འགྱུར་རོ། །སྨན་བྲམ་ཧི་སྙིམ་པར་བཅུག་སྟེ་དུད་ པ་བྱུང་གི་བར་དུ་བཟླས་པ་བྱས་ཏེ། ཟོས་ན་ཐོས་པ་འཛིན་པར་འགྱུར་རོ། །ཐོས་པ་འཛིན་པའི་གཟུངས་རྫོགས་སོ།། །།

Colophon

shes rab skyed pa zhes bya ba'i gzungs rdzogs so// rgya gar gyi mkhan po dz+nyA na gar+b+ha dang / lots+tsha ba ban+de klu'i dbang pos bsgyur/ rgya gar gyi mkhan po bid+yA ka ra siM ha dang / zhu chen gyi lots+tsha ba ban+de de ba tsan+d+ra sa zhus te gtan la phab pa/