D254MW4CZ5369_0254mdo sdeAll versions of this work

'phags pa chos kyi rgyal mtshan gyi mdo theg pa chen po

Text

ff. 70b–71a · 2 folio sides

  1. 70b

    སྦྱིན་འཐུན་པའི་ལམ་མི་འགྲོ། །དེ་ལྟར་མཆོད་སྦྱིན་ཡངས་ཤིང་རྒྱ་ཆེ་བ། །མཆོད་སྦྱིན་འཐུན་པའི་ལམ་དུ་མི་འགྲོ་ལ། །དེ་ལྟར་སྟོང་གི་མཆོད་སྦྱིན་སྟོང་རྣམས་ཀྱང་། །དེ་ཡི་བཅུ་དྲུག་ཆར་ཡང་མི་ཕོད་དོ། །ལ་ལ་གང་དག་གཟུ་ལུམས་མ་ཡིན་པ། །ཆོས་བཞིན་ ནོར་རྣམས་ཐོབ་པ་གཏོང་བྱེད་པ། །དེ་དག་གཏང་དཀའ་དེ་རྣམས་བཏང་བས་ན། །རང་གི་བསོད་ནམས་ཀྱིས་ནི་ལྷ་གནས་འགྲོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་ པར་བསྟོད་དོ།། །།ཆོས་གསུམ་པ་ཞེས་བྱ་བའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་དེ་བ་ཙན་དྲས་བསྒྱུར། ལོ་ཙྪ་བ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ།། །། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་དྷརྨ་ཀེ་ཏུ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཆོས་ཀྱི་རྒྱལ་མཚན་གྱི་མདོ་ཐེག་པ་ཆེན་པོའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེའི་ཚེ་འཁོར་དེར་བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བ་འདུག་པ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ བྱང་ཆུབ་སེམས་དཔའ་ཆོས་དུ་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཅུ་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་སུ་འགྱུར་རོ། །བཅུ་གང་ཞེ་ན། འདིར་བྱང་ཆུབ་སེམས་དཔའ་དད་པ་དང་ལྡན་པར་བྱ་བ་དང་། བྱང་ཆུབ་ཀྱི་སེམས་དང་ལྡན་པར་བྱ་བ་དང་། དགེ་བའི་བཤེས་གཉེན་ཡོངས་སུ་མི་གཏང་བ་དང་། དགོན་པར་བསྟེན་ཅིང་འདུ་འཛི་སྤང་བ་དང་། བླ་མ་དང་མཁན་པོའི་

  2. 71a

    གདམས་ངག་ཡོངས་སུ་སྩལ་བ་དང་། སྙིང་རྗེ་དང་ལྡན་པ་དང་། མང་དུ་ཐོས་པ་དང་ལྡན་པ་དང་། ཏིང་ངེ་འཛིན་དང་ལྡན་པ་དང་། ཚུལ་ཁྲིམས་དང་ལྡན་པ་དང་། བརྩོན་འགྲུས་ཕུན་སུམ་ཚོགས་པས་དོན་མ་ལུས་པར་བསྒྲུབ་པའོ། །བཅོམ་ལྡན་འདས་ཀྱིས་དེ་ སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་མཚན་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་ཆོས་ཀྱི་རྒྱལ་མཚན་གྱི་མདོ་རྫོགས་སོ།། །། ༄༅། །རྒྱ་གར་སྐད་དུ། དྷརྨ་ས་མུ་དྲ་ན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། ཐེག་པ་ཆེན་པོའི་མདོ་ཆོས་རྒྱ་མཚོ་ཞེས་བྱ་བ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱ་མཚོའི་གླིང་ཕྲན་པོ་ཏ་ལ་ཀའི་རི་ལ་རྒྱལ་བའི་སྲས་མི་ལྡོག་པ་ཕལ་པོ་ཆེས་བསྐོར་ ཅིང་མདུན་དུ་བྱས་ཏེ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་དབང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བཀའ་སྩལ་པ། སྐྱེས་བུ་དམ་པ་ཆོས་ཀྱི་གཏམ་ཅི་འདོད་པ་དྲི་བར་གྱིས་ཤིག །ཅེས་པ་དང་། བརྩེ་བ་ལ་བསྒྲིབས་པ་མེད་པས་རྣམ་ པར་གྲོལ་བ་ཐོབ་པ། འཇིག་རྟེན་གྱི་དབང་པོ་བྱང་ཆུབ་སེམས་དཔས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་ཇི་ལྟར་ན་གཞོན་ནུར་གྱུར་པས་བདུད་ལས་རྒྱལ་བ་ལགས། གང་གིས་བྱང་ཆུབ་ཀྱི་སེམས་བསྐྱེད་མ་ཐག་པས་འདོད་པ་ལ་རྟོག་ཅིང་མི་སྟེན་པ་དང་། མི་འཆང་བ་དང་། ང་རྒྱལ་མེད་པ་དང་། ཤེས་རབ་དང་། ཐབས་ལ་མཁས་པ་དང་། སྟོང་པ་ཉིད་ལ་ཤིན་ཏུ་མོས་པ་དང་ལྡན་ཏེ། ཡོད་པ་དང་མེད་པ་སྤངས་པ་དང་། ཡང་དག་པ་མ་ཡིན་པ་ལ་བརྟགས་པས་གྲངས་མེད་པར་ཡང་འཁོར་བར་འགྱུར། ཇི་ལྟར་ན་དགེ་བར་གསུངས་པའི་ཆོས་དང་འདུལ་བ་ ལ་རབ་ཏུ་བྱུང་ཞིང་ཡང་དག་པར་རྫོགས་པའི་བསྙེན་པར་རྫོགས་པ་ལགས། འགྲོ་བ་ཐ་དད་པའི་ཆོས་རྣམས་ལས་འདས་པ་དང་། གནས་ངན་ལེན་ལ་རྟེན་ཅིང་འཇུག་པའི་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་ལས་འདས་ཏེ། མི་གཉིས་པའི་ཆོས་ཐོས་པ་ནི་ཤིན་ཏུ་རབ་

Colophon

'phags pa chos kyi rgyal mtshan gyi mdo rdzogs so/